国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






2025ལོའི་ལོ་མཇུག་བར་རྒྱལ་ཡོངས་སུ་གུང་གཞོན་ཚོགས་པའི་ ཚོགས་མི་ཁྱོན་ཁྲི7833.6ལ་ཟིན།

ཞིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་སྤྱི་ཟླ5པའི་ཚེས3ཉིན་གློག་འཕྲིན་འབྱོར་གསལ། ཚེས3ཉིན་གུང་གཞོན་ཚོགས་པའི་ཀྲུང་དབྱང་གིས་བསྒྲགས་པའི་དན་གྲངས་ལས་མངོན་པར་གཞིགས་ན། 2025ལོའི་ཟླ་བ12པའི་ཟླ་མཇུག་བར་རྒྱལ་ཡོངས་ཀྱི་གུང་གཞོན་ཚོགས་པའི་ཚོགས་མི་ཁྱོན་ཁྲི7833.6ཡོད་པ་དང་། གུང་གཞོན་ཚོགས་པའི་རྩ་འཛུགས་ཁྲི515.0ཡོད་པ་དེ2024ལོའི་ལོ་མཇུག་ལས་ཚོགས་མི་ཁྲི301.8དང་ཁྲི75.3མང་དུ་ཕྱིན་ཡོད་པ་རེད། 2025ལོར་གུང་གཞོན་ཚོགས་མི་ཁྱོན་ཁྲི913.7འཕེལ་རྒྱས་བཏང་བ་རེད།

དེའི་ནང་ཚོགས་པའི་ས་གནས་ཨུ་ཡོན་ལྷན་ཁང་ཁྲི0.3དང་། གཞི་རིམ་ཚོགས་པའི(བཟོ་པ)ཨུ་ལྷན་ཁྲི19.9། ཚོགས་པའི་སྤྱི་ཁྱབ་ཀྲི་པུའུ་ཁྲི13.9། ཚོགས་པའི་ཀྲི་པུའུ་ཁྲི480.9བཅས་ཡོད། སློབ་གྲྭའི་ཚོགས་པའི་རྩ་འཛུགས་ཁྲི235.5དང་གུང་གཞོན་ཚོགས་མི་ཁྲི4183.3དང་། ལས་ཁུངས་དང་བྱ་གཞག་ཚན་པའི་ཚོགས་པའི་རྩ་འཛུགས་ཁྲི34.7དང་ཚོགས་མི་ཁྲི379.8། རྒྱལ་ཁབ་ལ་དབང་བ་དང་ཐུན་མོང་ཁེ་ལས་ཚོགས་པའི་རྩ་འཛུགས་ཁྲི27.1དང་ཚོགས་མི་ཁྲི281.8། གྲོང་ཁྱེར་གྱི་ཁྲོམ་གཞུང་དང་ཡུལ་ཤོག། གྲོང་རྡལ། སྤྱི་ཁུལ། སྲིད་འཛིན་གྲོང་སྡེ་བཅས་ཀྱི་ཚོགས་པའི་རྩ་འཛུགས་ཁྲི95.4དང་ཚོགས་མི་ཁྲི2391.7། གསར་དར་མངའ་ཁོངས་དང་གཞན་དག་མངའ་ཁོངས་ཚོགས་པའི་རྩ་འཛུགས་ཁྲི122.3དང་གུང་གཞོན་ཚོགས་མི་ཁྲི597.0བཅས་ཡོད་པ་རེད།།

( བདེ་ཆེན་གྱིས་བསྒྱུར།)