国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཉེན་མེད་ཐོན་སྐྱེད་ཀྱི་འགན་འཁྲི་དོན་ལ་དམ་ནན་འཁྱོལ་དགོས།

དར་མདོ་ས་ཁུལ་གྱི་གནམ་གཤིས། དྲོད་ཚད་མཐོ་ཤོས22℃། དྲོད་ཚད་དམའ་ཤོས8℃། པར་ངོས་གཙོ་འགན་པ། ལྷ་འཛོམས། རྩོམ་སྒྲིག་པ། བདེ་སྐྱིད། པར་ངོས་སྡེབ་སྒྲིག་པ། ཁྲའོ་ཞུའེ་ཡོན། ཐེངས་འདིའི་པར་རིས་སྤྱི་ཁྱབ་ལྟ་སྐུལ་པ། ལིའོ་ཧྭ་ཡུན། གསར་འགྱུར་ལྟ་སྐུལ་དཔྱད་གླེང་ཁ་པར།2835733

ཉེ་ཆར། ཧུའུ་ནན་ལིའུ་དབྱང་གྲོང་ཁྱེར་གྱི་ཚོན་མེ་བཟོ་གྲྭ་ཞིག་ལ་འབར་གས་བྱུང་ནས་མི་མང་ཤི་རྨས་ཀྱི་དོན་རྐྱེན་ཚབས་ཆེན་ཐོན་པས་སེམས་ཕངས་སྐྱོ་སྡུག་ཚད་མེད་དང་འབྲེལ་ས་གནས་ཁ་ཤས་ཀྱི་ལས་རིགས་གཙོ་བོའི་ཁྱབ་ཁོངས་སུ་ཉེན་མེད་ཐོན་སྐྱེད་ཀྱི་འགན་འཁྲི་ད་དུང་དོན་ལ་དམ་ནན་འཁྱོལ་མེད་པའི་ཉེས་སྐྱོན་བག་ལ་ཉལ་ཡོད་པ་ཡང་ཤེས་ཐུབ།

ཉེན་མེད་ཐོན་སྐྱེད་ནི་དམངས་འཚོའི་དོན་ཆེན་ཡིན་པས་སྐད་ཅིག་ཙམ་ལ་ཡང་ལྷོད་གཡེང་དུ་གཏོང་མི་རུང་། ལས་རིགས་ཁག་དང་ལྷག་པར་མི་མང་གི་ཚེ་སྲོག་རྒྱུ་ནོར་ལ་ཉེན་ཁ་ཕོག་ཉེན་ཡོད་པའི་ལས་རིགས་གཙོ་བོའི་འགན་འཁུར་བ་ཚང་མས་མི་དམངས་མང་ཚོགས་ལ་འགན་ཆེན་ཁུར་ཞིང་མང་ཚོགས་ཀྱི་ཕྱོགས་ནས་བསམ་བློ་བཏང་སྟེ་ཉེན་མེད་ཐོན་སྐྱེད་ལས་དོན་ཏན་ཏན་ཏིག་ཏིག་གིས་བསྒྲུབ་པ་དང་། ལམ་ལུགས་དང་ནང་སྲོལ་ཁག་ཕྱི་ཚུལ་ཙམ་དུ་མི་ལུས་པར་ལག་ལེན་གནད་ལ་སྨིན་པ་བསྟར་བ་དང་མི་མངོན་པའི་ཉེན་ཁ་དུས་ཐོག་ཚགས་བཤེར་ཞིབ་ཕྲ་བྱས་ཏེ་རྔ་མ་མི་ལུས་པ་གཙང་མ་བསལ་དགོས།

ཉེན་མེད་ཐོན་སྐྱེད་ལས་དོན་གྱི་རང་སྐུལ་དབང་ཆ་སྟངས་འཛིན་ཡག་པོ་བྱེད་ཅིང་ནམ་ནམ་ཞར་ཞར་ལ་ཤ་འབད་རུས་འབད་བྱ་དགོས། དོན་རྐྱེན་གྱི་འབྱུང་རྩ་བསལ་བར་དམིགས་པ་དང་། རྐྱེན་མ་འབྱུང་གོང་གི་རྐྱེན་རྩ་གཅད་དགོས། ཁེ་ལས་ཀྱི་བྱེད་པོའི་འགན་འཁྲི་དོན་ལ་འཁྱོལ་བ་དང་ཚན་རྩལ་གྱི་ནུས་པ་སྤྲད་ཐབས་ལ་དོ་སྣང་བྱེད་ཅིང་། ལས་གནས་རེ་རེ་དང་མི་རེ་རེ་ཉེན་ཟོན་གྱི་གནད་ཐུག་ས་རེ་རེར་ཆགས་པར་བྱས་ནས། ཉེན་ཁའི་འགོ་མ་བུད་གོང་དང་འགོ་འབུས་མ་ཐག་ཐག་གཅད་ཐུབ་པར་ཁག་ཐེག་བྱ་དགོས།

ཉེན་མེད་ལས་དོན་ལ་འཕྱུགས་པ་གཏན་ནས་འབྱུང་མི་རུང་བས། ཏང་མི་ལས་བྱེད་པ་རྒྱ་ཆེན་གྱིས་མི་དམངས་ཀྱི་ཚེ་སྲོག་དང་རྒྱུ་ནོར་ཉེན་མེད་ཡོང་བ་གལ་ཆེན་ནང་གི་འགངས་ཆེན་དུ་བཞག་ཅིང་། མཐིལ་ཚད་བསམ་གཞིག་གིས་ཉེན་མེད་སྲུང་ཡོལ་བརྟན་པོར་བསྐྲུན་དགོས་སོ།།( སྐལ་ཐུབ་ཀྱིས་བྲིས།)