国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཀུའེ་དབྱང་གྲོང་ཁྱེར་གྱིས་གནོད་འགོག་གནོད་སྙུང་སློབ་སྦྱོང་བྱས་ནས་ ཉེན་མེད་འགོག་སྲུང་འཛིང་རགས་བརྟན་པོ་བསྐྲུན།

ཞིན་ཧྭ་གསར་འགྱུར་ཁང་ནས་པར་དྲངས།

7919_04B_20260513མེ་གསོད་མི་སྣས་མེ་གསོད་སྟངས་འགྲེམ་སྟོན་བྱེད་བཞིན་པ།

7931_04B_20260513མེ་གསོད་མི་སྣས་སློབ་མར་ཆུ་མདའ་ཡིས་མེ་གསོད་སྟངས་མཛུབ་ཁྲིད་བྱེད་བཞིན་པ།

7929_04B_20260513གྲོང་མིས་མེ་གསོད་རོགས་སྐྱོབ་ཆེད་སྤྱོད་འཚུབ་བསྟུན་རླངས་འཁོར་གཏོང་བཞིན་པ།

7927_04B_20260513མེ་གསོད་མི་སྣས་གྲོང་མིར་མེ་གསོད་ཐག་པས་རོགས་སྐྱོབ་བྱེད་སྟངས་མཛུབ་ཁྲིད་བྱེད་བཞིན་པ།

7921_04B_20260513མེ་གསོད་མི་སྣས་སློབ་མར་རླུང་ཤུགས་མེ་གསོད་འཕྲུལ་ཆས་སྤྱོད་སྟངས་མཛུབ་ཁྲིད་བྱེད་བཞིན་པ།

རྒྱལ་ཡོངས་གནོད་འགོག་གནོད་སྙུང་ཉིན་མོ་ཐེངས18པའི་སྐབས་སུ། འཚུབ་བསྟུན་དོ་དམ་པུའུ་རང་བྱུང་གནོད་འཚེ་ལས་གྲྭ་རོགས་སྐྱོབ་ཀུའེ་དབྱང་རྟེན་གཞི་ཡིས་ཀུའེ་དབྱང་མེ་ཟོན་རོགས་སྐྱོབ་བབ་བསྟུན་རུ་ཁག་དང་མཉམ་འབྲེལ་བྱས་ནས་གནོད་འགོག་གནོད་སྙུང་ཉིན་མོའི་གཙོ་དོན་སྒོ་འབྱེད་དྲིལ་སྒྲོག་བྱེད་སྒོ་སྤེལ་བ་རེད། བྱེད་སྒོར་ཚན་རིག་ཁྱབ་གདལ་སྒྲོག་འགྲེལ་དང་སྒྲིག་ཆས་བཤམ་སྟོན། གྲབས་སྦྱོང་ནང་སྦྱོང་། མཉམ་འཇོག་མྱོང་རོལ་སོགས་ཀྱི་རྣམ་པའི་ཐོག་ནས་དམངས་ཡོངས་ཀྱི་གནོད་འགོག་གནོད་སྙུང་གི་དྲིལ་སྒྲོག་སློབ་གསོ་ནང་ཞུགས་པའི་སྟེགས་བུ་བསྐྲུན་ཏེ། གྲོང་མིའི་གནོད་འགོག་གནོད་སྙུང་གི་འདུ་ཤེས་སྔར་བས་ཆེ་རུ་བཏང་བ་རེད།།