སྤྱི་ཟླ5པའི་ཚེས15ཉིན། ཁུལ་ཨུ་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གྲོས་ཚོགས་འཚོགས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་རང་ཁུལ་གྱི་ལག་བསྟར་དོན་འཁྱོལ་གྱི་བསམ་འཆར་ལ་ཞིབ་འཇུག་བྱས་པ་རེད། ཁུལ་ཨུའི་ཧྲུའུ་ཅི་ཀྲའོ་པོ་ཡིས་གྲོས་ཚོགས་གཙོ་སྐྱོང་དང་གསུང་བཤད་གནང་། ཚོགས་འདུར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་མཉམ་སྡེབ་སློབ་སྦྱོང་ཐེངས་ཉེར་ལྔ་པའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཧུའུ་ནན་ཁྲང་ཧྲ་ལིའུ་དབྱང་གྲོང་ཁྱེར་གྱི་ཤོག་སྦག་བཟོ་གྲྭ་ཞིག་གི་འབར་གས་དོན་རྐྱེན་བྱུང་བའི་ཐད་གནང་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་རེད། ཚོགས་འདུར་ཁུལ་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཏང་སྲིད་འགན་འཁྲི་མཉམ་ཁུར་དང་མཉམ་འཛིན་མཉམ་གཉེར། འགན་ཤོར་འགན་འཁྲི་བདའ་དེད་བཅས་བྱ་དགོས་པའི་བླང་བྱ་ལྟར། ཉེན་ཁ་རིམ་པ་བགོས་ནས་ཚོད་འཛིན་དང་མངོན་མེད་རྐྱེན་ངན་ཚགས་བཤེར་བཅོས་སྐྱོང་གི་གཉིས་འགོག་ཕུགས་ཕན་ནང་རྐྱེན་རྒྱུན་སྲིང་དུ་འཐུས་ཚང་བཏང་ནས་ཁུལ་དང་རྫོང་། ཡུལ་ཤོག་བཅས་གསུམ་འཚུབ་བསྟུན་བཀོད་འདོམས་དང་མཐུན་སྦྱོར་ནང་རྐྱེན་བཙུགས་ནས་ཨར་ལས་འཛུགས་སྐྲུན། གཞུང་ལམ་སྐྱེལ་འདྲེན། རིག་གནས་ཡུལ་སྐོར་སོགས་གཙོ་གནད་ཁྱབ་ཁོངས་ལ་དམིགས་ནས་དམིགས་སའི་རང་བཞིན་གྱིས་དངོས་འཐབ་དངོས་སྦྱོང་བྱེད་པ་དང་། དག་བཅོས་ཉེན་ཁ་དང་མངོན་མེད་རྐྱེན་ངན་ལ་ཧྲིལ་སྐྱོང་ལེགས་འཁོར་བྱས་ནས་དོན་རྐྱེན་ཆག་སྒོ་ཆེན་པོར་མཐའ་གཅིག་ཏུ་འགོག་ཟོན་བྱ་དགོས་ཞེས་གསུངས།
ཚོགས་འདུར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“དབྱི་ཝུའུ་ཡི་འཕེལ་རྒྱས་ཉམས་མྱོང”ཐད་གནང་བའི་མཛུབ་སྟོན་གལ་ཆེན་དང་ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས《རྫོང་ཁོངས་དཔལ་འབྱོར་འཕེལ་རྒྱས་སྤུས་ཚད་མཐོན་པོར་བསྐུལ་རྒྱུའི་སྐོར་གྱི་བསམ་འཆར》པར་འགྲེམས་བྱས་པའི་སྙིང་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་རེད། ཚོགས་འདུར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོའི་གཞོན་ནུའི་ལྔ་བཞིའི་གཟེངས་རྟགས་དང་དུས་རབས་གསར་པའི་གཞོན་ནུའི་གདོང་ལེན་བྱ་དགའ་ཐོབ་མཁན་གྱི་འཐུས་མིར་སྤྲིངས་པའི་འཕྲིན་ལན་ནང་རྒྱ་ཆེའི་གཞོན་ནུ་ཚོས“ལོ་ལྔའི་འཆར་འགོད་བཅོ་ལྔ་པ”འགོ་ཚུགས་པར་ཞུགས་ནས་རྒྱལ་ཁབ་ཀྱི་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བའི་རེ་བ་བཏོན་ཡོད། ཚོགས་འདུར་ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་གིས་པར་འགྲེམས་བྱས་པའི《ཏང་ཨུ(ཏང་ཚན་ཁག)ཡིས་འོག་རིམ་ཏང་རྩ་འཛུགས་ཀྱི“འགོ་ཁྲིད་གཙོ་བོར”ལྟ་སྐུལ་གླེང་མོལ་ལས་དོན་སྤེལ་ཐབས》སློབ་སྦྱོང་བྱས་པ་རེད། ཚོགས་འདུར“ལོ་ལྔའི་འཆར་འགོད་བཅུ་བཞི་པའི”རིང་རང་ཁུལ་གྱི་ཆུ་ལོག་སྔོན་འགོག་དང་ས་གཤིས་གནོད་འཚེ་འགོག་ཟོན་ལས་དོན་དང་ཉེ་དུས་ཀྱི་ཆུ་ལོག་སྔོན་འགོག་དང་ས་གཤིས་གནོད་འཚེ་འགོག་ཟོན་ལས་ཀའི་སྙན་སེང་ལ་གསན་འཇོག་གནང་ཞིང་རྗེས་མའི་ལས་ཀ་བཀོད་སྒྲིག་བྱས་པ་རེད། ཚོགས་འདུར་ད་དུང་དོན་ཚན་གཞན་དག་ལ་ཞིབ་འཇུག་བྱས་པ་རེད།།( ལྷ་འཛོམས་ཀྱིས་བསྒྱུར།)
