国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






དཀར་མཛེས་ཁུལ་དང་ཡུལ་ཤུལ་ཁུལ་གཉིས་ཀྱིས་མཉམ་ལས་བཞུགས་མོལ་ཚོགས་འདུ་འཚོགས།

སྤྱི་ཟླ5པའི་ཚེས11ཉིན་དཀར་མཛེས་ཁུལ་དང་ཡུལ་ཤུལ་ཁུལ་གཉིས་ཀྱིས་ཡུལ་ཤུལ་གྲོང་ཁྱེར་དུ་སྤེལ་རེས་མཉམ་ལས་ཀྱི་བཞུགས་མོལ་ཚོགས་འདུ་འཚོགས་ནས་ཕྱོགས་གཉིས་པོས་མཐའ་མཚམས་ས་ཁོངས་ཀྱི་ཞི་མཐུན་བརྟན་བརླིང་སྲུང་སྐྱོང་དང་ཁྱད་ཡོན་ཐོན་ལས་མཉམ་ལས་ཟབ་ཏུ་གཏོང་བ་དང་འགྲིམ་འགྲུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་ཐད་ཐུན་མོང་ཐོག་ངོས་འཛིན་གཅིག་མཐུན་བྱུང་བ་རེད། དཀར་མཛེས་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་དབྱང་ཧུང་ཧྲོའུ་དང་། ཡུལ་ཤུལ་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཀླུ་མཚོ་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

དབྱང་ཧུང་ཧྲོའུ་ཡིས་དཀར་མཛེས་ཁུལ་ཨུ་དང་ཁུལ་མི་དམངས་སྲིད་གཞུང་གི་ཚབ་ཞུས་ནས་ཡུལ་ཤུལ་ཁུལ་གྱིས་དུས་ཡུན་རིང་པོའི་ནང་དཀར་མཛེས་ཁུལ་ལ་རྒྱབ་སྐྱོར་དང་རོགས་རམ་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་ཡུལ་ཤུལ་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཡར་རྒྱས་ཆེན་པོ་བྱུང་བར་བཀྲ་ཤིས་རྟེན་འབྲེལ་ཞུས་པ་རེད། ཁོང་གིས་ཉེ་བའི་ལོ་ཤས་རིང་ཏང་གི་མི་རིགས་སྲིད་ཇུས་ཀྱི་འོད་སྟོང་འཕྲོ་བའི་འོག་དང་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་དང་། ཡུལ་ཤུལ་ཁུལ་གྱི་རྒྱབ་སྐྱོར་ཤུགས་ཆེན་འོག་དཀར་མཛེས་ཁུལ་གྱིས་དྲིན་ཚོར་ཡར་བརྩོན་དང་དཀའ་ངལ་ཁྱད་བསད་ཀྱིས་རིམས་ནད་དང་། རང་བྱུང་གནོད་འཚེ། དཔལ་འབྱོར་ཆག་པ་སོགས་ཀྱི་ཉེན་ཁ་དང་འགྲན་སློང་སྣ་ཚོགས་ཐེག་ཐུབ་པ་དང་། སྤྱི་ཚོགས་ཀྱི་ཁྱོན་ཡོངས་སྔར་ལས་འཆམ་མཐུན་དང་། འཕེལ་རྒྱས་ཀྱི་སྤུས་ཚད་སྔར་ལས་ཕན་ནུས་ཆེ་བ།( པར་ངོས་གཉིས་པར་གཟིགས།)