国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






དབྱང་ཧུང་ཧྲོའུ་ཡིས་དཔལ་ཡུལ་རྫོང་དང་དཀར་མཛེས་རྫོང་དུ་བརྟག་ཞིབ་གནང་སྐབས།

དམངས་འཚོ་ལེགས་སུ་གཏོང་བ་དང་མི་སེམས་གོང་བུར་བསྒྲིལ་ནས་དེང་རབས་ཅན་འཛུགས་སྐྲུན་གྱི་གྲུབ་འབྲས་དེ་བས་མང་བ་དང་དེ་བས་དྲང་གཞག་གིས་མི་རིགས་ཁག་གི་ མང་ཚོགས་ལ་ཕན་ཐོགས་པར་བྱ་དགོས་ཞེས་གསུངས།

སྤྱི་ཟླ5པའི་ཚེས13ནས་ཚེས15ཉིན་བར་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་དབྱང་ཧུང་ཧྲོའུ་དཔལ་ཡུལ་རྫོང་དང་དཀར་མཛེས་རྫོང་དུ་བརྟག་ཞིབ་གནང་བར་ཕེབས་ནས་འབྲེལ་མཐུན་བྱ་ཡུལ་ཞིང་འབྲོག་པ་དང་གྲོང་མི། དགོན་སྡེའི་དགེ་འདུན་པ་བཅས་ལ་འཚམས་འདྲི་གནང་ཞིང་། ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྲིད་འགན་ལག་རྗེས་འདུ་ཤེས་ཡང་དག་པ་འཆང་བ་དང་ལག་ལེན་བསྟར་རྒྱུའི་སྐོར་གྱི་རྒྱས་བཤད་གལ་ཆེན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བསྟར་བ་དང་། དམངས་འཚོ་ལེགས་སུ་གཏོང་བ་དང་མི་སེམས་གོང་བུར་འགྲིལ་རྒྱུ་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འགོ་འཛུགས་ས་དང་དོན་ལ་བབ་ས་བྱ་རྒྱུ་རྒྱུན་འཁྱོངས་ཏེ་མང་ཚོགས་ཀྱི་དོ་ཁུར་ཆེ་སར་དུས་ཐོག་ཏུ་ལན་སློག་པ་དང་དམངས་འཚོའི་དོན་དངོས་བློ་རྩེ་གཅིག་སྒྲིམ་གྱིས་ཡག་པོ་བསྒྲུབས་ནས་དེང་རབས་ཅན་འཛུགས་སྐྲུན་གྱི་གྲུབ་འབྲས་དེ་བས་མང་བ་དང་དེ་བས་དྲང་གཞག་གིས་མི་རིགས་ཁག་གི་མང་ཚོགས་ལ་ཕན་ཐོགས་པར་བྱ་དགོས་ཞེས་བསྟན།

དཔལ་ཡུལ་རྫོང་མི་དམངས་སྨན་ཁང་དང་དཔལ་ཡུལ་རྫོང་སློབ་འབྲིང་གཉིས་པ། དཀར་མཛེས་རྫོང་ཁམས་བྱང་མཐོ་རིམ་སློབ་འབྲིང་བཅས་སུ་དབྱང་ཧུང་ཧྲོའུ་ཡིས་གཞི་རིམ་གྱི་སྨན་བཅོས་ཞབས་ཞུ་དང་། སྤྱི་པའི་འཕྲོད་བསྟེན་འཛུགས་སྐྲུན། ནད་མང་མཉམ་འགོག་དོན་འཁྱོལ་སོགས་ཀྱི་ལས་དོན་ལ་གཟིགས་ཞིབ་གནང་བ་དང་། སློབ་གྲྭའི་སློབ་གཉེར་སློབ་ཁྲིད་དང་། སྒྲིག་ཆས་ཆ་ཚང་། ལས་གཞི་འཛུགས་སྐྲུན་བཅས་ཀྱི་འཕེལ་རིམ་བཅས་ལ་ཆ་རྒྱུས་ཞིབ་པོ་གནང་བར་མ་ཟད། སློབ་གསོ་དང་སྨན་བཅོས“ཚོགས་སྒྲིག་རྣམ་པའི”རོགས་སྐྱོར་ལས་བྱེད་འཇོན་ལྡན་མི་སྣ་དང་དེ་བཞིན་སྨན་པ་དང་སྨན་ཞབས་པ། སློབ་གསོ་ལས་སྒྲུབ་པ་བཅས་ལ་འཚམས་འདྲི་གནང་བ་རེད།ས་གནས་ཁག་དང་སྡེ་ཚན་ཁག་གིས་ཆད་དཀོན་དགེ་རྒན་ནང་འདྲེན་དང་། སློབ་ཁུལ་གྱི་ཤོང་ཚད་ཆེ་རུ་གཏོང་བ། སློབ་མའི་སེམས་ཁམས་གསོ་ཁྲིད། སློབ་གྲྭའི་ཉེན་མེད་བཅོས་སྐྱོང་སོགས་ཀྱི་གཙོ་གནད་ལས་འགན་དམ་འཛིན་ཏན་ཏིག་བྱས་ཏེ་མི་དམངས་བློར་བབ་པའི་སློབ་གསོ་ཡག་པོ་བསྒྲུབ་དགོས་ཞེས་གསུངས།

དབྱང་ཧུང་ཧྲོའུ་ཡིས་དཀར་མཛེས་རྫོང་དུ་སྔ་རྗེས་སུ་དཀར་མཛེས་གྲོང་རྡལ་གངས་ཆུ་གྲོང་སྡེའི་གྲོང་མི་ཚེ་རིང་མཁའ་འགྲོ་དང་དཀར་མཛེས་གྲོང་རྡལ་བཅིངས་འགྲོལ་ཁྲོམ་གཞུང་གི་གྲོང་མི་བཀྲ་ཤིས་ལྷ་མོ། གོང་ལུང་ཡུལ་ཤོག་གི་དབང་པོ་སྐྱོན་ཅན་བསྟན་འཛིན་དབང་པོ་བཅས་ཀྱི་ཁྱིམ་དུ་ཕེབས་ནས་ཁོ་ཚོ་དང་གླེང་མོལ་བྱས་ཏེ་ཁྱིམ་མི་དང་དཔལ་འབྱོར་ཡོང་འབབ། ལུས་སེམས་བདེ་ཐང་། བུ་ཕྲུག་སློབ་སྦྱོང་སོགས་ཀྱི་གནས་ཚུལ་འདྲི་རྩད་ཞིབ་ཚགས་གནང་ཞིང་། ཚང་མར་ཐོག་མཐའ་བར་གསུམ་དུ་ཏང་གི་བཀའ་དྲིན་ཚོར་བ། ཏང་གི་ཁ་ལ་ཉན་པ། ཏང་གི་རྗེས་སུ་འབྲངས་ནས་ཁྱིམ་ཚང་གི་ཡོང་འབབ་བརྟན་པོའི་ངང་འཕར་བ། འཚོ་བ་སྔར་བས་བདེ་སྐྱིད་ཡོང་བ་བཅས་བྱ་དགོས་པའི་སྐུལ་མ་གནང་བ་རེད།

དབྱང་ཧུང་ཧྲོའུ་ཡིས་དཔལ་ཡུལ་རྫོང་འབྲི་ཆུ་སྟོད་རྒྱུད་གཡས་པ་ཐང་ཆུ་གློག་ས་ཚུགས་ཀྱི་རགས་ཆེན་ལས་ཡུལ་དངོས་སུ་ལས་གྲྭའི་འཕེལ་རིམ་དང་གློག་ཤུགས་ཕྱིར་སྐྱེལ། ཉེན་མེད་ཐོན་སྐྱེད། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་སོགས་ཀྱི་གནས་ཚུལ་ལ་ཆ་རྒྱུས་ཞིབ་ཕྲ་གནང་བ་དང་། དཔལ་ཡུལ་རྫོང་ཁྲོམ་ཐར་ནོར་གནག་གསོ་ཚགས་ར་བ་ལ་ནོར་གནག་ལྟེ་གནས་སྲུང་སྐྱོང་ར་བའི་རྟེན་གཞིའི་འཛུགས་སྐྲུན་གནས་ཚུལ་དང་། ནོར་གནག་ཚན་རིག་ཁྱབ་གདལ་རྟེན་རྫས་བཤམ་མཛོད་ཁང་ལ་ལྟ་སྐོར་གནང་བ་རེད། ཁོང་གིས་ཁྲོམ་ཐར་ནོར་གནག་རྒྱུད་བཟང་གི་ཁྱད་ཆོས་ལ་གཞི་ཚུགས་ནས་ཚན་རིག་དང་མཐུན་པའི་སྒོ་ཕྱུགས་གསོ་བ་དང་། ཕྱུགས་རྒྱུད་བཟང་པོའི་རྒྱུད་པ་སྤེལ་བ། རྒྱུད་སྤེལ་ར་བ་གཙོ་བོ། རྒྱུད་སྤེལ་རྒྱ་སྐྱེད་ར་བ་བཅས་གཞི་གཅིག་ཏུ་འདུས་པའི་དེང་རབས་ཅན་གྱི་ནོར་གནག་གསོ་སྤེལ་རྟེན་གཞི་མགྱོགས་མྱུར་སྐྲུན་དགོས་ཞེས་ནན་གྱིས་གསུངས།

དབྱང་ཧུང་ཧྲོའུ་ཡིས་དཀར་མཛེས་རྫོང་བལ་པོའི་ཚོང་དོན་ཁྲོམ་གཞུང་དུ་ཚོང་ལས་ཁྲོམ་གཞུང་བཟོ་སྐྲུན་དང་ཚོང་པའི་གཉེར་སྐྱོང་། ལས་རིགས་མཉམ་འདྲེས། གཟུགས་མེད་རིག་གནས་ཤུལ་བཞག་རིག་གནས་གསར་འཆར་ཐོན་ལས་གསར་གཏོད། ཐོན་རྫས་གསར་སྤེལ་སོགས་ཀྱི་གནས་ཚུལ་ཤེས་རྟོགས་ཞིབ་ཕྲ་གནང་པར་མ་ཟད། དེར་བཅའ་སྡོད་ཚོང་དུད་དང་སྤེལ་རེས་བྱས་ནས་ཁོང་ཚོར་ཁ་དན་ཚིག་གནས་ཀྱིས་གཉེར་སྐྱོང་བྱེད་པ་དང་། ཁྱད་ཆོས་ཐོན་རྫས་སྤུས་བཟང་བཟོས་པ། ཁྲོམ་རར་འཁྲུག་པོ་ཡོང་བར་བྱ་དགོས་པ་དང་། ཁྱད་ཆོས་ཚོང་དོན་དང་གཟུགས་མེད་རིག་གནས་ཤུལ་བཞག་ཐོན་ལས་ཀྱི་མདུན་ལམ་རྒྱ་ཆེན་པོ་ཡོད་པས། དཀར་མཛེས་རྫོང་ཨུ་དང་སྲིད་གཞུང་གིས་ཚོང་གཉེར་ཁོར་ཡུག་རྒྱུན་མཐུད་ལེགས་སུ་གཏོང་བ་དང་། དྲིལ་བསྒྲགས་དང་འོས་སྦྱོར་བྱེད་ཤུགས་ཆེ་རུ་གཏོང་བ། སྣ་མང་འཛད་སྤྱོད་ཀྱི་རྣམ་པ་ཕུན་སུམ་ཚོགས་སུ་གཏོང་བ་བཅས་བྱས་ཏེ་ཁྱད་ཆོས་ཚོང་ལས་ཁྲོམ་གཞུང་གཉེར་སྐྱོང་བྱེད་སྐབས་ཁྲོམ་རར་མི་དེ་བས་མང་བ་དང་སྤུས་རྟགས་དེ་བས་ལེགས་པར་ཡོང་བར་བྱ་དགོས་ཞེས་གསུངས།

དབྱང་ཧུང་ཧྲོའུ་ཡིས་དཀར་མཛེས་རྫོང་གླང་སྣ་དགོན་དང་དར་རྒྱས་དགོན་པར་ཆོས་ལུགས་ཁྱབ་ཁོངས་ཀྱི་ཁྲིམས་ལྟར་སྲིད་འཛིན་ལས་དོན་ལ་ལྟ་སྐུལ་མཛུབ་ཁྲིད་གནང་བ་རེད། ཁོང་གིས་དུས་རབས་གསར་པའི་ཏང་གི་ཆོས་ལུགས་ལས་དོན་གྱི་རིགས་པའི་གཞུང་ལུགས་དང་བྱེད་ཕྱོགས་སྲིད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ་དགོན་སྡེར་ཁྲིམས་ལྟར་ཚད་ལྡན་དོ་དམ་རྒྱུན་མཐུད་ཡང་དག་པ་བྱས་ནས་རྒྱལ་གཅེས་ཆོས་གཅེས་དང་སྡོམ་ཁྲིམས་བརྩི་སྲུང་གི་སྲོལ་རྒྱུན་བཟང་པོ་མུ་མཐུད་དེ་དར་སྤེལ་བཏང་སྟེ་བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་ལ་འཕྲོད་པར་སྐུལ་འདེད་ཧུར་ཐག་གཏང་དགོས་ཞེས་ནན་གསུང་གནང་བ་རེད།

དབྱང་ཧུང་ཧྲོའུ་ཡིས་དཀར་མཛེས་རྫོང་དུ་བརྟག་ཞིབ་གནང་རིང་ད་དུང་ཆུ་བོ་དང་རྨོད་ཞིང་། ནགས་ཚལ་བཅས་ལ་སྐོར་ཞིབ་གནང་ཡོད།།

( ལྷ་འཛོམས་ཀྱིས་བསྒྱུར།)