སྤྱི་ཟླ5པའི་ཚེས15ཉིན། དར་མདོ་གྲོང་ཁྱེར་ར་རྔ་ཁ་ནས་བྲག་མགོ་བར་གྱི་མྱུར་ལམ་འཛུགས་སྐྲུན་མཐུན་སྦྱོར་གྱི་ཆེད་དོན་ཚོགས་འདུ་རྟའུ་རྫོང་དུ་འཚོགས་ཤིང་། འབྲེལ་ཡོད་ལས་དོན་སྙན་སེང་ལ་ཉན་པ་དང་འབྲེལ་ཡོད་གནད་དོན་ཐག་གཅོད་བྱས་ཏེ་རྗེས་མའི་ལས་དོན་བཀོད་སྒྲིག་བྱས་པ་རེད། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་དབྱང་ཧུང་ཧྲོའུ་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད། ཁོང་གིས་ས་གནས་ཁག་དང་སྡེ་ཚན་ཁག་གིས་བསམ་བློ་གཅིག་གྱུར་དང་འགན་འཁྲི་ནན་དུ་བཏང་ནས་འགན་འཁྲི་འདུ་ཤེས་དང་དགོས་གཏུག་འདུ་ཤེས་ཆེ་བཏང་སྟེ། བྲག་མདོ་མྱུར་ལམ་ཁྱོན་ཡོངས་ནས་སྐྲུན་འགོ་འཛུགས་པར་འགན་ལེན་བྱ་དགོས་ཞེས་ནན་གསུངས་གནང་།( པར་ངོས་གཉིས་པར་གཟིགས།)
