(པར་ངོས་དང་པོར་མཐུད།)སྐྱེ་ཁམས་སྲུང་ཡོལ་སྔར་ལས་སྲ་བརྟན། མི་དམངས་ཀྱི་འཚོ་བ་སྔར་ལས་བདེ་སྐྱིད་ལྡན་པ་བཅས་བྱུང་ཡོད། དཀར་མཛེས་ཁུལ་དང་ཡུལ་ཤུལ་ཁུལ་དབར་ལ་རི་ཆུ་འབྲེལ་བ་དང་། མིའི་རིག་གནས་སྣ་ཚོགས་གཉེན་འབྲེལ་དང་ཁྲག་རྒྱུན་འབྲེལ་བ་བཅས་ཆགས་ཏེ་ཐུན་མོང་ཐོག་བོད་དབྱིས་བར་ཁྱམས་ཀྱི་དཀྱིལ་ཁུལ་དང་། ཇ་རྟའི་གནའ་ལམ་གྱི་ས་ཆ་གཙོ་བོ། ཁྱད་ཆོས་ཐོན་ཁུངས་ཕྱུག་པོ། སྐྱེ་ཁམས་འཐབ་ཇུས་ཀྱི་ས་ཆ་གཙོ་བོ་བཅས་ཡིན་ལ། མིག་སྔར"ལོ་ལྔའི་འཆར་འགོད་བཅོ་ལྔ་པ"འགོ་འཛུགས་པའི་ལོ་ཡིན་ཞིང་། ཁུལ་གཉིས་ཀ་བབ་བསྟུན་འཕྲལ་སྒྲུབ་དང་རྗེས་སྙེག་མཆོང་བརྒལ་གྱི་འཐབ་ཇུས་ཀྱི་གོ་སྐབས་གལ་ཆེན་དུ་གནས་ཡོད་པས། ས་གནས་གཉིས་ཀས་ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག་ཕྱོགས་ཡོངས་དང་། ཁྱབ་ཁོངས་མང་བ། རིམ་པ་ཟབ་པ་བཅས་ཀྱི་མཉམ་ལས་གཏིང་ཟབ་ཏུ་སྤེལ་བར་ཚད་བཀག་མེད་པར་བར་སྟོང་རྒྱ་ཆེ་བ་མཁོ་འདོན་བྱས་ཡོད་ལ། ཕྱོགས་གཉིས་པོས་མཐུན་སྒྲིལ་བརྟན་བརླིང་གི་རྣམ་པ་རྒྱུན་མཐུད་ངང་སྲ་བརྟན་དུ་གཏོང་བ་དང་། ཁྱད་ཆོས་ལེགས་ཆའི་ཐོན་ལས་མཉམ་ལས་གཏིང་ཟབ་ཏུ་བཏང་སྟེ། ཐུན་མོང་ཐོག་སྐྱེ་ཁམས་ཉེན་མེད་སྲུང་ཡོལ་བརྟན་དུ་གཏོང་ནས་ས་གནས་གཉིས་པོའི་མང་ཚོགས་ཀྱི་དམངས་འཚོ་མཉམ་སྤྱོད་ལ་སྐུལ་བ་དང་ཕན་འབྲས་ཆེ་ལ་སྟབས་བདེ་བའི་ཞིང་ཆེན་བརྒལ་བའི་བགྲོད་ལམ་བཏོད་པ་དང་། བློ་གཅིག་སེམས་གཅིག་དང་ལག་གདང་སྦྲེལ་ནས་མདུན་དུ་བསྐྱོད་དེ་ས་གནས་གཉིས་པོའི་སྤེལ་རེས་མཉམ་ལས་ཀྱི་རྣམ་པ་གསར་པ་གཏོད་དགོས་པའི་གྲོས་འགོ་བཏོན་གནང་བ་རེད།
ཀླུ་མཚོས་ཡུལ་ཤུལ་ཁུལ་དང་ཁུལ་མི་དམངས་སྲིད་ཞུང་གི་ཚབ་ཞུས་ནས་དཀར་མཛེས་ཁུལ་གྱི་ལྷན་ཕེབས་དག་ལ་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུས་པ་དང་། དཀར་མཛེས་ཁུལ་གྱིས་དུས་ཡུན་རིང་པོའི་ནང་ཡུལ་ཤུལ་ཁུལ་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་འབྲེལ། རྗེས་མར་ཁུལ་གཉིས་པོའི་མཉམ་ལས་ལ་སྐུལ་འདེད་གཏོང་རྒྱུའི་ཐད་གྲོས་འགོ་ཡང་བཏོན་པ་རེད། ཁོང་གིས་ཁུལ་གཉིས་ཀྱིས་ཐོག་མཐའ་བར་གསུམ་དུ་སོ་སྲུང་རོགས་རེས་དང་ཕན་ཚུན་རོགས་རམ་བྱས་ཏེ་བརྟན་བརླིང་སྲུང་སྐྱོང་དང་། སྐྱེ་ཁམས་སྲུང་སྐྱོང་། ཐོན་ལས་འཕེལ་རྒྱས། འགྲིམ་འགྲུལ་མཉམ་སྦྲེལ། དམངས་འཚོ་ལེགས་བཅོས་སོགས་ཀྱི་ཁྱབ་ཁོངས་སུ་དཔུང་པ་མཉམ་གཤིབ་ཀྱིས་འབད་འཐབ་བྱས་པས་མཛའ་བརྩེ་ཟབ་མོ་ཆགས་པ་དང་། མཉམ་ལས་ཀྱི་རྨང་གཞི་ཧ་ཅང་ཡག་པོ་བཏིང་ཡོད་ཅེས་གསུངས་པ་རེད། ལྷག་པར་དུ"ལོ་ལྔའི་འཆར་འགོད་བཅོ་ལྔ་པའི"ཚུན་དུ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བྱམས་བརྩེའི་ཐུགས་ཁུར་འོག་དང་། སི་ཁྲོན་དང་མཚོ་སྔོན་ཞིང་ཆེན་གཉིས་ཀྱི་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ས་གནས་གཉིས་པོས་མཐུན་སྒྲིལ་རོགས་ལས་དང་ལག་གདང་སྦྲེལ་ནས་མདུན་དུ་བསྐྱོད་དེ་ཐུན་མོང་ཐོག་མི་རིགས་མཐུན་སྒྲིལ་ཡར་ཐོན་དང་ས་ཁོངས་དར་རྒྱས་གོང་འཕེལ་གྱི་ལེའུ་གསར་པ་ཞིག་བརྩམས་ཡོད། རྗེས་མར་ཕྱོགས་གཉིས་པོས་མི་རིགས་མཐུན་སྒྲིལ་དང་བརྟན་བརླིང་སྲུང་སྐྱོང་ཐད་སྤེལ་རེས་གཏིང་ཟབ་དང་མཉམ་འགོག་མཉམ་བཅོས་བྱས་ཏེ་སྐྱེ་ཁམས་སྲུང་སྐྱོང་ཐད་ལག་གདང་སྦྲེལ་ནས་མཉམ་འགོག་མཉམ་སྲུང་དང་། ཐུན་མོང་ཐོག་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་གཏོད་དེ་ཁྱད་ཆོས་ཐོན་ལས་འཕེལ་རྒྱས་ཐད་ཐོན་ཁུངས་མཉམ་སྤྱོད་དང་སྤུས་རྟགས་མཉམ་སྐྲུན་བཅས་ཀྱིས་འཕེལ་རྒྱས་གཏོང་བ་དང། དམངས་འཚོའི་བྱ་གཞག་འཕེལ་རྒྱས་གཏོང་བའི་ཐད་ཕན་ཚུན་སྦྱོང་རེས་དང་། མཉམ་འགུལ་མཉམ་སྐྲུན། མང་ཚོགས་ལ་ཕན་པ་བཅས་བྱས་ཏེ་འགྲིམ་འགྲུལ་ཤར་བགྲོད་འགན་ལེན་བྱེད་པའི་ཐད་ལ་ཤུགས་རྒྱག་པ་དང་། སྟོབས་ཤུགས་གཅིག་སྒྲིལ་གྱིས་བརྩོན་ལེན། ཕན་ཚུན་སྦྲེལ་མཐུད་མངོན་འགྱུར་བཅས་བྱ་དགོས་ཞེས་བསྟན་པ་རེད།
ཡུལ་ཤུལ་ཁུལ་ཨུ་རྒྱུན་ཨུ། རྒྱུན་ལས་ཁུལ་དཔོན་གཞོན་པ་ཀུའོ་ཆི་ལུང་དང་། ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ། སྤྱི་བདེ་ཅུས་ཀྱི་ཅུས་ཀྲང་ཝང་ཡུང་ཀྲེན། ཁུལ་སྲིད་གཞུང་གི་དྲུང་ཆེན་དང་འབྲེལ་ཡོད་དྲུང་ཆེན་གཞོན་པ། ཁུལ་རིམ་པའི་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བ། དཀར་མཛེས་ཁུལ་སྲིད་གཞུང་གི་དྲུང་ཆེན་དང་། སེར་ཤུལ་རྫོང་། ཁུལ་རིམ་པའི་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བ་བཅས་བཞུགས་མོལ་ཚོགས་འདུར་ཞུགས།།( ཨོ་རྒྱན་གྱིས་བསྒྱུར།)
