国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཞེ་སྣང་བ་སྐྱིད་ རེ་སྡུག་རེ།

མི་རེའི་སེམས་སུ་འདྲ་མིན་དོན་དག་རེ།།

གཅིག་གི་སེམས་པ་གཅིག་གིས་མི་རྟོགས་ལ།།

ཡིད་ཀྱི་སྣང་བའི་རི་མོ་མི་མཐོང་མོད།།

རང་རང་སེམས་སུ་ཤར་བའི་དགའ་སྐྱོ་འདི།།

རང་ཉིད་ཁོ་ནས་མཐོང་དང་མྱོང་བར་འགྱུར།།

ནང་གི་ཚོར་སྣང་ཕྱི་རུ་མངོན་པའི་དུས།།

ཕྱི་ཡི་རྣམ་འགྱུར་བལྟས་ནས་དཔོག་པར་བྱེད།།

རྣམ་འགྱུར་ཁྲོད་ཀྱི་རྟོགས་པའི་གཞན་ལས་དག།

སེམས་པ་རྗེས་སོང་ཡིན་མིན་བཤད་དཀའ་ཡང་།།

དཀའ་སྡུག་ཡིད་ཀྱི་གཟུགས་མེད་ན་ཟུག་འདི།།

རང་ཉིད་ཁོ་ནས་རྟོགས་ཏེ་ཤེས་པར་འགྱུར།།

སྔོན་བསགས་ལས་ཀྱི་བསྐོས་ཐེངས་མི་འདྲ་ལ།།

འཇིག་རྟེན་སྣང་བའི་དགའ་སྐྱོ་མི་མཚུངས་ཀྱང་།།

སྐྱིད་ལ་སྡུག་པའི་ཡུན་ཐུང་མི་ཡི་ཚེ།།

གསོན་དང་ཤི་བའི་མཐའ་མཚམས་གཉིས་སུ་གནས།།

སྐྱེ་རྒ་ན་འཆིའི་བགྲོད་ལམ་རྣམ་པ་བཞི།།

སུ་ཡང་མི་བགྲོད་ལུས་པ་མི་སྲིད་པའི།།

ང་དང་ཁྱོད་ཚོའི་བདེ་སྐྱིད་ཉི་མ་འདི།།

ཡུན་རིང་རྟག་པར་དཀའ་བ་ཤེས་པར་མཛོད།།

༼ གདུང་དྲུག། ༽