国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






དར་མདོ་གྲོང་ཁྱེར་གྱི་སློབ་གྲྭ་ཆུང་འབྲིང་སློབ་མའི་ལུས་རྩལ་འགྲན་ཚོགས་ དང་སྒྱུ་རྩལ་དུས་ཆེན་སྐབས་དང་པོ་སྤེལ།

སྤྱི་ཟླ5པའི་ཚེས15ཉིན། དར་མདོ་གྲོང་ཁྱེར་གྱི་སློབ་གྲྭ་ཆུང་འབྲིང་སློབ་མའི་ལུས་རྩལ་འགྲན་ཚོགས་དང་སྒྱུ་རྩལ་དུས་ཆེན་སྐབས་དང་པོའི་འགོ་འཛུགས་མཛད་སྒོ་དར་མདོ་གྲོང་ཁྱེར་གཡག་རྭ་ལྟག་སྒོའི་ལུས་རྩལ་ཐང་ནས་སྤེལ་འགོ་བཙུགས་པ་རེད། གྲོང་ཁྱེར་ཡོངས་ཀྱི་སློབ་གྲྭ་ཆུང་འབྲིང་ཁག་གི་དགེ་སློབ་འཐུས་མི་མཉམ་དུ་འཛོམས་ནས་ལུས་རྩལ་ལ་བརྟེན་ནས་དྲིལ་སྒྲོག་དང་སྒྱུ་རྩལ་གཙིགས་སུ་བཟུང་ནས་ན་ཆུང་ཚོར་དབང་བའི་མཛད་སྒོ་གཟབ་རྒྱས་ཤིག་སྤེལ་བ་རེད།

སྐབས་འདིའི་ལུས་རྩལ་འགྲན་ཚོགས་དང་སྒྱུ་རྩལ་དུས་ཆེན་ནི་དར་མདོ་གྲོང་ཁྱེར་གྱིས་རྩལ་འགྲན་དང་སྒྱུ་རྩལ་གཤམ་འཁྲབ་ཟུང་དུ་འབྲེལ་བའི་བྱེད་སྒོ་ཆེ་གྲས་ཐོག་མ་དེ་ཡིན་པ་རེད། བྱེད་སྒོར“གངས་དཀར་ཞལ་སྟོང་། སྐྱེད་སྲིང་ལྔ་ཡི་མེ་ཏོག་བཞད་པའི་དར་མདོ”ཞེས་པ་གཙོ་དོན་བྱས་ཤིང་། དེ་ནི་ཀུན་སྤྱོད་འཛུགས་སྐྱོང་དང་མི་སྣ་སྐྱེད་སྲིང་གི་རྩ་བའི་ལས་འགན་ལ་དམ་པོར་དམིགས་ནས“སྐྱེད་སྲིང་ལྔ་མཉམ་སྤེལ”དོན་ལ་འཁྱོལ་བ། “བདེ་ཐང་གཙིགས་སུ་འཛིན་པའི”འདུ་ཤེས་ལག་ལེན་བསྟར་བ་ཞིག་རེད།

ཐེངས་འདིའི་བྱེད་སྒོ་དེ་སྤྱི་ཟླ5པའི་ཚེས19ཉིན་བར་རྒྱུན་མཐུད་ངང་སྤེལ་རྒྱུ་ཡིན་པ་དང་དེ་རྗེས་ཀྱི་འགྲན་སྡུར་ནང་མཆོང་རྒྱུག་འཕེན་གསུམ་དང་། སླེ་གྲུག། རྐང་གྲུག། འཕེན་འཕང་སྤོ་ལོ་སོགས་ལུས་རྩལ་རྣམ་གྲངས་དང་དེ་བཞིན་ཞབས་བྲོ་དང་གྱེར་འདོན། མཉམ་ལེན། མཛེས་རྩལ། ཡིག་གཟུགས་སོགས་སྒྱུ་རྩལ་འགྲེམ་སྟོན་བྱ་རྒྱུ་ཡིན་པ་རེད།།

(བདེ་ཆེན་དང་རྟ་མགྲིན་གྱིས་བྲིས་ཤིང་པར་བླངས།)