国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






དཀར་མཛེས་ཁུལ་ལྕགས་ཟམ་དམར་དམག་རྒྱང་སྐྱོད་དྲན་གསོ་ཁང་ དུ་ཉར་བའི་དམར་དམག་གི་རིག་དངོས་རྩ་ཆེན།

8286_ym04b_20260522དམར་དམག་གི་འཚོ་བའི་ཡོ་བྱད།

8289_ym04b_20260522དམར་དམག་གི་རྟ་སྒའི་ཡོབ་ཆེན་དང་ཆུ་སྣོད། རྒྱང་ཤེལ།

8291_ym04b_20260522དམར་དམག་གི་རྩྭ་ལྷམ།

8293_ym04b_20260522དམར་དམག་གི་གོ་མཚོན་དང་མདེའུ། རྟ་སྒ་སོགས།

8295_ym04b_20260522དམར་དམག་གིས་དཀར་མཛེས་རྫོང་དུ་བཞག་པའི་དགོན་པ་སྲུང་བའི་སྤྱི་བསྒྲགས།

8292_ym04b_20260522དམར་དམག་གི་རླངས་སྒྲོན།

8294_ym04b_20260522བོད་པ་སྲིད་གཞུང་གི་ཐམ་ག།

8287_ym04b_20260522ལྕགས་ཟམ་ལ་ངོས་ཡུལ་ཤོག་སུའུ་ཝེར་ཨེར་ཀྲུའུ་ཞི་ཧོང་ཆིང་ཞན་ལོག་སྤྱོད་ཤོག་ཁག་གིས་བཀྲོངས་རྗེས་ལྷག་པའི་ཁྲག་གོས།

དཀར་མཛེས་ཁུལ་ལྕགས་ཟམ་དམར་དམག་རྒྱང་སྐྱོད་དྲན་གསོ་ཁང་ནི2011ལོའི་ཟླ་བ8པ་ནས་བསྐྲུན་འགོ་བཙུགས་ཤིང2015ལོའི་ཟླ་བ5པར་ལེགས་གྲུབ་བྱུང་ཡོད། དེའི་རྗེས་ཉམས་གསོ་རྒྱས་སྐྲུན་བྱས་ནས་ཕྱིའི་བཟོ་བཀོད་དང་ནང་གི་ཆ་རྐྱེན་གཉིས་ཀ་ཇེ་བཟང་ཇེ་ལེགས་སུ་བཏང་ཡོད།

ཀྲུང་དབྱང་དམར་དམག་གིས་ལྕགས་ཟམ་ཟམ་པ་འཕྲོག་ཅིང་ཧྭ་ལིན་ཐང་བཟུང་རྗེས། དཔུང་ཆེན་ལྕགས་ཟམ་ཁ་ནས་ཐོན་ཡོད། ཡིན་ན་ཡང་དམར་དམག་གི་འབད་འཐབ་ད་རུང་མཇུག་རྫོགས་མེད་པ་རེད། ཟླ་བ་འགའ་སོང་རྗེས། དམར་དམག་འབུམ་ཤོག་བཞི་པས་ལྷོ་སྐྱོད་འཆར་གཞིའི་ཁྲོད་ཀྱི་འགག་སྨད་དང་ལུའུ་ཧྲན། མིང་ཧྲན། གཡག་རྔ། ཆང་ལས། ཏ་དབྱི་བཅས་ཀྱི་འཐབ་ཇུས་ལག་ལེན་བསྟར་ནས་ལྕགས་ཟམ་རྫོང་གི་བྱང་རྒྱུད་དུ་ཡོད་པའི་ལ་ངོས་བཟུང་སྟེ་དངོས་ཟོག་སྐྱེལ་འདྲེན་བྱེད་སའི་གཙོ་གནད་དུ་བྱས་པ་རེད། ཉིན54ཡི་རིང་ལ་དམར་དམག་གིས་འཐབ་འཛིང་དྲག་པོ་ཐེངས་མང་བརྒྱབ་སྟེ། སུའུ་ཝེར་ཨེར་སྲིད་དབང་བཙུགས་ཡོད། དམར་དམག་འབུམ་ཤོག་བཞི་པ་ལྷོར་བསྐྱོད་དེ་དཀའ་ཁག་དང་འཕྲད་རྗེས། དཀར་མཛེས་ཁུལ་གྱི་ས་གཞི་ཡངས་པོར་ཞུགས་ཏེ་ཐག་རིང་ནས་ཡོང་བའི་དམར་དམག་འབུམ་ཤོག་གཉིས་པ་དང་མཉམ་དུ་དཀར་མཛེས་ཁུལ་གྱི་རི་ལུང་ཕལ་ཆེར་བ་བསྐོར་བ་དང་། གངས་ཅན་ཡང་རྩེར་སེམས་འགུལ་ཐེབས་པའི་བརྗིད་ཆགས་སྙན་ངག་བརྩམས་ཡོད། དམར་དམག་དཀར་མཛེས་ཁུལ་དུ་ཡོད་དུས། ཏང་གི་མི་རིགས་སྲིད་ཇུས་བབ་དང་བསྟུན་ནས་ལག་ལེན་བསྟར་བ་དང་མི་རིགས་ཁག་གི་མང་ཚོགས་ལ་རྒྱ་ཁྱབ་ངང་མཐུན་སྒྲིལ་བྱས་པར་བརྟེན། མི་དམངས་ཀྱི་བརྩི་སྲུང་ཐོབ་པ་དང་། དགོན་པ་ཁག་གིས་དམར་དམག་དང་གྲོས་ཆིངས་བཞག་ཡོད། དཀར་མཛེས་ཁུལ་བྱང་རྒྱུད་དུ་ད་དུང་བོད་པ་སྲིད་གཞུང་བཙུགས་ཤིང་། དེའི་རྨང་གཞིའི་ཐོག། ཁམས་ཁུལ་མང་ཚོགས་ཀྱིས་དམར་དམག་ལ་རྒྱབ་སྐྱོར་ཆེན་པོ་བྱས་ཏེ། དམར་དམག་འབུམ་ཤོག་གཉིས་པ་དང་བཞི་པ་བྱང་དུ་སྐྱོད་པར་དངོས་པོའི་རྨང་གཞི་བཏིང་ཡོད་པ་རེད།

དཀར་མཛེས་ཁུལ་ལྕགས་ཟམ་དམར་དམག་རྒྱང་སྐྱོད་དྲན་གསོ་ཁང་ནི་རྒྱལ་ཡོངས་རྒྱལ་གཅེས་རིང་ལུགས་སློབ་གསོའི་དཔེ་སྟོན་རྟེན་གཞི་དང་། རྒྱལ་ཁབ་རྒྱལ་སྲུང་སློབ་གསོའི་དཔེ་སྟོན་རྟེན་གཞི། སི་ཁྲོན་ཞིང་ཆེན་ཏང་མི་གསོ་སྦྱོང་ཞིང་ཆེན་རིམ་པའི་དཔེ་སྟོན་རྟེན་གཞི། ཁྲེང་ཏུའུ་དམག་ཁུལ་གྱི་གསར་བརྗེའི་སྲོལ་རྒྱུན་སློབ་གསོ་རྟེན་གཞི། སི་ཁྲོན་ཞིང་ཆེན་སྤྱོད་གཙང་རིག་གནས་རྟེན་གཞི། སི་ཁྲོན་ཞིང་ཆེན་གཞོན་ནུ་སྤྱི་ཚོགས་ལག་ལེན་སློབ་གསོ་རྟེན་གཞི། སི་ཁྲོན་སྲིད་ཁྲིམས་ཁོངས་གཏོགས་ཀྱི་གཙོ་དོན་སློབ་གསོ་ལག་ལེན་བྱེད་སྒོ་རྟེན་གཞི། སི་ཁྲོན་ཞིང་ཆེན་ལས་བྱེད་སློབ་གསོ་གསོ་སྦྱོང་གི་ཡུལ་དངོས་སློབ་ཁྲིད་ས་ཚུགས། དཀར་མཛེས་ཁུལ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་གསོ་རྟེན་གཞི། དཀར་མཛེས་ཁུལ་ཏང་གཤིས་སློབ་གསོ་རྟེན་གཞི། དཀར་མཛེས་ཁུལ་སྤྱོད་གཙང་རིག་གནས་ས་ཚུགས་སོགས་ཡིན་པ་རེད།།( སྐལ་ཐུབ་ཀྱིས་བྲིས་ཤིང་པར་བླངས།)