སྤྱི་ཟླ5པའི་ཚེས20ཉིན།ཡུལ་ཤུལ་ཁུལ་དང་དཀར་མཛེས་ཁུལ་གཉིས་ཀྱི་མཐའ་མཚམས་མཛའ་མཐུན་ས་ཁུལ་མཉམ་དུ་བསྐྲུན་རྒྱུའི་ལས་དོན་བཞུགས་མོལ་ཚོགས་འདུ་དར་མདོ་རུ་འཚོགས་ཤིང་། དཀར་མཛེས་ཁུལ་ཨུའི་ཧྲུའུ་ཅི་ཀྲའོ་པོ་དང་ཡུལ་ཤུལ་ཁུལ་ཨུའི་ཧྲུའུ་ཅི་མ་རུའེ་གཉིས་བཞུགས་མོལ་ཚོགས་འདུར་ཕེབས་ཤིང་གསུང་བཤད་གནང་བ་རེད།
ཀྲའོ་པོ་ཡིས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཚབ་ཞུས་ནས་མ་རུའེ་དང་བཅས་པར་དགའ་བསུ་ཞུས་པ་དང་ཡུལ་ཤུལ་ཁུལ་གྱིས་དུས་ཡུན་རིང་པོར་དཀར་མཛེས་ཁུལ་ལ་རྒྱབ་སྐྱོར་དང་རོགས་རམ་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་། ཉེ་བའི་ལོ་ཤས་རིང་ལ་ཡུལ་ཤུལ་ཁུལ་གྱིས་རྨ་འབྲི་རྫ་གསུམ་གྱི་འབྱུང་ཡུལ་སྲུང་སྐྱོང་དང“ཀྲུང་ཧྭ་ཆུ་མཛོད”སྲུང་སྐྱོང་བྱེད་པའི་ལས་འགན་ལྕི་པོ་མཐའ་གཅིག་ཏུ་འཁུར་ནས་སྐྱོན་བྲལ་དང་དེང་རབས་བདེ་སྐྱིད་ལྡན་པའི་ཡུལ་ཤུལ་གསར་པ་བསྐྲུན་རྒྱུར་སྤུས་ཚད་མཐོན་པོས་བསྐུལ་ཏེ། བྱ་གཞག་ཁག་མཆོང་བརྒལ་རྣམ་པའི་འཕེལ་རྒྱས་བྱུང་བར་ང་ཚོས་སྙིང་དབུས་ནས་ཡིད་སྨོན་དང་རྟེན་འབྲེལ་ཞུ། མིག་སྔར་དཀར་མཛེས་ཁུལ་བབ་བསྟུན་འཕྲལ་སྒྲུབ་དང་རྗེས་སྙེག་མཆོང་བརྒལ་གྱི་འགག་རྩའི་དུས་སུ་གནས་ཤིང་། སི་ཁྲོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་སྤྲད་པའི་རྒྱལ་སྤྱིའི་སྐྱེ་ཁམས་རིག་གནས་ཡུལ་སྐོར་བྱ་ཡུལ་དང་། སྦག་མེད་ནུས་ཁུངས་མཁོ་སྤྲོད་བྱ་ཡུལ་གལ་ཆེན། དེང་རབས་མཐོ་སྒང་གི་ཁྱད་ཆོས་ཞིང་འབྲོག་ལས་རྟེན་གཞི་བཅས་གཏོད་པའི“ལས་འགན་ཆེན་པོ་གསུམ”ལ་དམ་པོར་དམིགས་ཏེ་འཕེལ་རྒྱས་སྤུས་ཚད་མཐོན་པོ་དང་ཆུ་ཚད་མཐོ་བའི་སྲུང་སྐྱོང་། ཕན་ནུས་ཆེ་བའི་བཅོས་སྐྱོང་བཅས་ལ་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་བཞིན་ཡོད། ཡུལ་ཤུལ་ཁུལ་དང་དཀར་མཛེས་ཁུལ་གཉིས་ཀྱི་རིག་གནས་དང་ས་བབ་ཕན་ཚུན་སྦྲེལ་མཐུད་ཡིན་པས་ཕྱོགས་གཉིས་པོས་ཉེན་མེད་བརྟན་བརླིང་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་། ཐོན་ལས་འཕེལ་རྒྱས། ( པར་ངོས་གཉིས་པར་གཟིགས།)
