སྤྱི་ཟླ5པའི་ཚེས18ཉིན། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་དབྱང་ཧུང་ཧྲོའུ་ཡིས་ཁུལ་མི་དམངས་སྲིད་གཞུང་སྐབས་བཅུ་གསུམ་པའི་རྒྱུན་ལས་གྲོས་ཚོགས་ཐེངས86གཙོ་སྐྱོང་གནང་ནས་འཚོགས་ཤིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་རབ་དང་རིམ་པའི་དགོངས་དོན་བརྒྱུད་སྦྱངས་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་འབྲེལ་ཡོད་བཀོད་སྒྲིག་དོན་འཁྱོལ་དང་འབྲེལ་ཡོད་གྲོས་གཞིར་གྲོས་ཞིབ་དང་ཉེ་དུས་ཀྱི་གཙོ་གནད་ལས་ཀར་བཀོད་སྒྲིག་བྱས་པ་རེད།
ཚོགས་འདུར་ཁུལ་ཡོངས་ཀྱི་གོང་འོག་ཚང་མས་བསམ་བློ་དང་བྱ་སྤྱོད་དེ་ཏང་ཀྲུང་དབྱང་གིས་དཔལ་འབྱོར་གནས་བབ་ལ་ཚན་རིག་དང་མཐུན་པའི་བརྡར་ཤ་བཅད་པ་དང་། ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བ་བྱས་ཏེ་ཁུལ་ཨུའི“མྱུར་སྒྲུབ་ལ་བརྩི་མཐོང་དང་། དངོས་སྒྲུབ་ལ་ཧུར་བརྩོན། དཀའ་སྒྲུབ་ལ་མི་སྐྲག། ཐབས་སྒྲུབ་ལ་མཁས་པ”བཅས་ཀྱི་ལས་ཀའི་བླང་བྱ་ཁྱོན་ཡོངས་ནས་དོན་དུ་འཁྱོལ་ཏེ“ཕྱེད་ཀ་གཉིས”ལ་ཤུགས་ཡོད་རྒུས་འགག་སྒྲོལ་བྱས་ནས“ལོ་ཧྲིལ་པོར་ཡག་པོ་བསྒྲུབ་པར”འགན་ལེན་བྱ་དགོས་པ་དང་། ཐོན་ལས་ལ་དམ་འཛིན་ཤུགས་ཆེན་བྱེད་པ་དང“དོན་ཆེན་གསུམ”ལ་དམིགས་ནས་སྲོལ་རྒྱུན་ཐོན་ལས་རིམ་སྤོར་དང་། གསར་དར་ཐོན་ལས་སྟོབས་ཆེར་གཏོང་བ་། འབྱུང་འགྱུར་ཐོན་ལས་བཀོད་སྒྲིག་བྱེད་པ་བཅས་ལ་བསྐུལ་བ་དང་། གཙོ་གནད་ཐོན་ལས་ཀྱི་འཁོར་རྒྱ་སྟོབས་ཆེར་གཏང་རྒྱུ་གཏིང་ཟབ་ཏུ་བཏང་ནས་དཀར་མཛེས་ཁུལ་གྱི་ཁྱད་ཆོས་དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་སྐྲུན་མགྱོགས་པོ་བྱ་དགོས། ལས་གཞི་དམ་འཛིན་ཤུགས་ཆེན་བྱས་ཏེ་ལས་གཞི་བཀོད་འདོམས་པུའུ་དང་བཟོ་སྣོན་བཟོ་གྲྭ་དང་དུས་འགོའི་མ་དངུལ་རྫིང་བུའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་ལས་གཞི་དེ་བས་མང་བ་གོང་རིམ་གྱི་འཆར་འགོད་ནང་འཇུག་རྒྱུར་ཤུགས་ཡོད་རྒུས་བརྩོན་ལེན་བྱ་དགོས། ཚོང་འགུག་ལ་དམ་འཛིན་ཤུགས་ཆེན་བྱས་ཏེ་ལེགས་ཆ་ལྡན་པའི་ཐོན་ལས་འདུས་ཚད་ཆེ་བ་དང་། སྐུལ་ཁྲིད་ཀྱི་ནུས་པ་ཆེ་བ། དཔལ་འབྱོར་གྱི་ཕན་འབྲས་ལེགས་པ་བཅས་ཀྱི་འབྲེལ་ཐག་གཙོ་བོའི་ཁེ་ལས་དང་ལས་གཞི་གལ་ཆེན་ཁག་གཅིག་ནང་འདྲེན་བྱ་དགོས་ཞེས་བླང་བྱ་བཏོན་པ་རེད།།
( བདེ་སྐྱིད་ཀྱིས་བསྒྱུར།)
