སྤྱི་ཟླ5པའི་ཚེས19ཉིན། ཁུལ་ཨུའི་ཧྲུའུ་ཅི་ཀྲའོ་པོ་ཡིས་དར་མདོར་རོང་ཅེ་མ་འཇོག་དང་མ་རྐང་ཚོད་འཛིན་ཚོགས་པའི་རྐང་དཔོན་ལུའེ་ཞང་དབྱང་དང་བཅས་པར་མཇལ་འཛོམས་གནང་བ་རེད།
མཇལ་འཛོམས་གནང་སྐབས་ཕྱོགས་གཉིས་པོས་དཀར་མཛེས་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནས་ཚུལ་དང་། རོང་ཅེ་མ་འཇོག་དང་མ་རྐང་ཚོད་འཛིན་ཚོགས་པས་གཉེར་སྐྱོང་འཕེལ་རྒྱས་ཀྱི་གནས་ཚུལ་ཁག་ངོ་སྤྲོད་བྱས་ཤིང་། སྲིད་གཞུང་དང་ཁེ་ལས་ཀྱི་དངོས་གཉེར་མཉམ་ལས་ཟབ་སྤེལ་དང་རང་ཁུལ་དུ་མ་དངུལ་འཇོག་པའི་བཀོད་པ་རྒྱུན་མཐུད་ངང་ཆེ་རུ་གཏོང་བ། མྱུར་ཚད་མཐོ་འདེགས་དང་ལས་ཆོད་འཕར་བ། འཛུགས་སྐྲུན་བྱེད་བཞིན་པའི་མཉམ་ལས་ལས་གཞིར་བསྐུལ་བ་སོགས་ལ་དམིགས་ནས་བསམ་འཆར་སྤེལ་རེས་གང་ལེགས་བྱས་ཏེ་ངོས་འཛིན་གཅིག་མཐུན་བྱུང་བ་རེད།
ཁུལ་ཨུའི་རྒྱུན་ཨུ། རྒྱུན་ལས་ཁུལ་དཔོན་གཞོན་པ་ལིའུ་ཅིན་ཀྲའོ་དང་ཚོགས་པའི་མཐོ་རིམ་སྤྱི་གཅོད་པ་གཞོན་པ་ཀྲང་ཧྲུན་ཞང་དང་། ཝུའུ་ཆིང་ལུང་། དར་མདོ་གྲོང་ཁྱེར་དང་རྒྱལ་ཁབ་གློག་དྲྭ་དཀར་མཛེས་ཁུལ་གློག་ཤུགས་ཚད་ཡོད་འགན་འཁྲི་སྤྱི་གཉེར་ཁང་བཅས་ཀྱི་འགན་འཁུར་བློ་མཐུན་སོགས་མཇལ་འཛོམས་ནང་ཞུགས་པ་རེད།།
( བདེ་སྐྱིད་ཀྱིས་བསྒྱུར།)
