སྤྱི་ཟླ5པའི་ཚེས20ཉིན། ཁུལ་ཨུའི་ཧྲུའུ་ཅི་ཀྲའོ་པོ་ཡིས་ཁུལ་ཡོངས་ཀྱི་རིག་གནས་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་གཏིང་ཟབ་གཏོང་བའི་ལས་དོན་གྱི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་ནས་འཚོགས་ཤིང་། ཁོང་གིས་རིག་གནས་དང་ཡུལ་སྐོར་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བསྟར་ཏེ། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཐབས་ཇུས་བཀོད་སྒྲིག་ཁྱོན་ཡོངས་ནས་དོན་དུ་འཁྱོལ་བ་དང་། ཐོན་ཁུངས་ཀྱི་ལེགས་ཆ་སྔོག་འདོན་གཏིང་ཟབ་བྱས་ནས་ཁྱད་ཆོས་སྤུས་རྟགས་སྟོབས་ཆེར་གཏོང་བ་དང་རིག་གནས་ལ་བརྟེན་ནས་ཡུལ་སྐོར་བྱེད་པ་དང་ཡུལ་སྐོར་ལ་བརྟེན་ནས་གཟེངས་བསྟོད་བྱ་རྒྱུ་རྒྱུན་འཁྱོངས་ཏེ། ཁུལ་ཡོངས་ཀྱི་རིག་གནས་ཡུལ་སྐོར་འཕེལ་རྒྱས་སྤུས་ཚད་མཐོན་པོའི་རྣམ་པ་གསར་པ་ཤུགས་ཆེན་བསྐྲུན་དགོས་ཞེས་ནན་གསུང་གནང་བ་རེད།
ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་དབྱང་ཧུང་ཧྲོའུ་དང་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཡུས་ཆུང་ཚོགས་འདུར་ཞུགས།
ཚོགས་འདུར་ཁུལ་ཡོངས་ཀྱི་རིག་གནས་ཡུལ་སྐོར་དང་ལུས་རྩལ། རང་བྱུང་སྲུང་སྐྱོང་ཁུལ། ལོ་རྒྱུས་རིག་གནས་ཀྱི་གྲོང་ཁྱེར་གྲགས་ཅན་སོགས་རིམ་པ་མཐོ་བའི་སྤུས་རྟགས་བསྐྲུན་པའི་ལས་དོན་སྙན་སེང་ལ་ཉན་འཇོག་དང་། རིག་གནས་ཡུལ་སྐོར་མཉམ་འདྲེས་གཏིང་ཟབ་ངང་འཕེལ་རྒྱས་གཏོང་བའི་གཙོ་གནད་ལས་དོན་ལ་ཞིབ་འཇུག་དང་བཀོད་སྒྲིག་བྱས་པ་རེད།
( པར་ངོས་གཉིས་པར་གཟིགས།)
