国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






དམིགས་ཚད་བཞི་ཞིང་ཆེན་ཡོངས་ཀྱི་མདུན་གྲལ་དུ་སླེབས། རང་ཁུལ་གྱི་དུས་ཚིགས་དང་པོའི་དཔལ་འབྱོར་ལས་དོན་འགོ་ཡག་པོ་བཙུགས།

ཉིན་ཤས་གོང་། གསར་འགོད་པས་ཁུལ་བསྡོམས་རྩིས་ཅུས་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ལོ་གསར་པ་ནས་བཟུང་། ཁུལ་ཡོངས་ཀྱིས་ཀྲུང་དབྱང་དང་ཞིང་ཆེན། ཁུལ་བཅས་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུའི་བཀོད་སྒྲིག་ཁྱོན་ཡོངས་ནས་དོན་ལ་འཁྱོལ་བ་དང་། ཁུལ་ཨུ་སྤྱིའི་ལས་ཀའི་བཀོད་སྒྲིག་ལ་དམ་དུ་དམིགས་ནས“མྱུར་སྒྲུབ་ལ་བརྩི་མཐོང་དང་། དངོས་སྒྲུབ་ལ་ཧུར་བརྩོན། དཀའ་སྒྲུབ་ལ་མི་སྐྲག། ཐབས་སྒྲུབ་ལ་མཁས་པ”བཅས་ཀྱི་གཙོ་དོན་ལག་ལེན་བྱེད་སྒོ་ཏན་ཏིག་སྤེལ་ཏེ། ཐོན་ལས་སྤེལ་ཤུགས་ཇེ་ཆེ་དང་ལས་གཞིའི་འགག་སྒྲོལ་བ། འཛད་སྤྱོད་ལ་སྐུལ་བ། ནོར་ཁྲལ་རྒྱ་སྐྱེད་པ་བཅས་བྱས་ནས་དཔལ་འབྱོར་ལས་དོན་ལ་གྲུབ་འབྲས་བཟང་པོ་ཐོབ་ཡོད།

དཔལ་འབྱོར་འཕར་ཤུགས་ཆེ་ཞིངGDPའཕར་ཚད་ཞིང་ཆེན་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད། ས་གནས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར146.61བྱུང་བ་དེ་ལོ་གོང་མའི་དུས་མཉམ་དང་བསྡུར་ན་བརྒྱ་ཆ6.6འཕར་ཞིང་། རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ལས་བརྒྱ་ཆའི་གཞི་གྲངས1.6དང1.1མཐོ་བ་དང་། འགོ་འཛུགས་དམིགས་འབེན་ལས་བརྒྱ་ཆའི་གཞི་གྲངས0.6བརྒལ་ཡོད། འཕར་སྣོན་གནས་བབ་དེ་རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་གྱི་འགོ་ཡག་པོ་བཙུགས་པའི་འཕེལ་ཕྱོགས་དང་མཉམ་འདེགས་ཡོང་ནས་འགོ་ཡག་པོ་བཙུགས་ཐུབ་ཡོད།

ལས་གཞིར་མ་དངུལ་འཇོག་པའི་སྒུལ་ནུས་ཆེ་བ་དང་། མ་དངུལ་འཇོག་པའི་འཕར་ཚད་ཞིང་ཆེན་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད། འཛད་སྤྱོད་ཁྲོམ་ར་རྒྱུན་མཐུད་ངང་ཡག་པོ་ཕྱིན་པ་དང་སྤྱི་ཚོགས་འཛད་རྫས་སིལ་འཚོང་འཕར་ཚད་ཞིང་ཆེན་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད། ནོར་ཁྲལ་འགན་སྲུང་བརྟན་ཞིང་ནུས་ལྡན་ཡིན་པ་དང་། ནོར་སྲིད་ཡོང་འབབ་འཕར་ཚད་ཞིང་ཆེན་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད། གཞི་ཁྱོན་ཡན་གྱི་བཟོ་ལས་མགྱོགས་མྱུར་ངང་བསྐྱར་འཕར་བྱུང་བ་རེད།

དུས་ཚིགས་དང་པོར་རང་ཁུལ་གྱི་དཔལ་འབྱོར་དམིགས་འབེན་གཙོ་བོ་ཁྱོན་ཡོངས་ནས་མཐོ་རུ་ཕྱིན་པ་དང་། མ་དངུལ་འཇོག་པ་དང་འཛད་སྤྱོད་བྱེད་ཚད་མགྱོགས་སུ་ཕྱིན་པ། ཐོན་ལས་འཕེལ་རྒྱས་གཏོང་འགོ་ཡག་པ།ཁུལ་ཡོངས་ཀྱི་དཔལ་འབྱོར་འགོ་ཡག་པོ་བཙུགས་པ་རེད། ཕྱིན་ཆད་ཁུལ་བསྡོམས་རྩིས་ཅུས་ཀྱིས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་ནན་ཏན་བྱས་ཏེ་འཕར་སྣོན་བརྟན་པོ་དང་། ལས་ཞུགས་བརྟན་པོ། དངོས་གོང་བརྟན་པོ། སྔོན་དཔག་བརྟན་པོ་བཅས་ཀྱི་ལས་དོན་ཁག་གཅིག་གྱུར་འཆར་འགོད་བྱས་ནས། འཕར་ཚད་ལེགས་པོ་དང་གསོག་ཚད་གང་འགབ་ཅི་སྤྱོད་བྱས་ཏེ་དཔལ་འབྱོར་བརྟན་པོའི་ཁྲོད་ལེགས་ཕྱོགས་སུ་འཕེལ་བའི་རྣམ་པ་རྒྱུན་ཆད་མེད་པར་སྲ་བརྟན་དང་རྒྱ་སྐྱེད་གཏང་རྒྱུ་རེད།།

( བདེ་སྐྱིད་ཀྱིས་བསྒྱུར།)