国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






གསར་འགྱུར་གནད་བསྡུས།

■ སྤྱི་ཟླ5པའི་ཚེས21ཉིན། ཁུལ་སྲིད་གཞུང་ཏང་ཚན་ཁག་གི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོ་ཆུང་གིས2026ལོའི་སློབ་སྦྱོང་ཚོགས་འདུ་ཐེངས2པ་འཚོགས་ཤིང་། སྲིད་འགན་ལག་རྗེས་འདུ་ཤེས་ཡང་དག་པ་འཆང་བ་དང་ལག་ལེན་བསྟར་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་གོ་བ་ཡང་དག་པ་ལེན་པ་རེད། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་སྲིད་གཞུང་གི་ཁུལ་དཔོན། ཏང་ཚན་ཁག་གི་ཧྲུའུ་ཅི་དབྱང་ཧུང་ཧྲོའུ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་བར་མ་ཟད་གསུང་བཤད་གནང་བ་རེད། ཁུལ་སྲིད་གཞུང་ཏང་ཚན་ཁག་གི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོ་ཆུང་གི་ཁོངས་མིས་སློབ་སྦྱོང་གི་བརྗོད་བྱ་གཙོ་བོར་དམིགས་པ་དང་ལས་ཀའི་དོན་དངོས་དང་ཟུང་འབྲེལ་བྱས་ནས་སྤེལ་རེས་དང་གཏམ་བཤད་བྱས་པ་རེད།།

■ སྤྱི་ཟླ5པའི་ཚེས21ཉིན། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་སྲིད་གཞུང་གི་ཁུལ་དཔོན། ཏང་ཚན་ཁག་གི་ཧྲུའུ་ཅི་དབྱང་ཧུང་ཧྲོའུ་ཡིས་ཁུལ་སྲིད་གཞུང་ཏང་ཚན་ཁག་གིས2026ལོའི(རྒྱས་འཛོམས)གྲོས་ཚོགས་ཐེངས7པ་གཙོ་སྐྱོང་གནང་ནས་འཚོགས་ཤིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བསྟར་བ་དང་། ཏང་ཀྲུང་དབྱང་དང་ཞིང་ཆེན་གྱི་འབྲེལ་ཡོད་ཚོགས་འདུ་དང་ཡིག་ཆའི་སྙིང་དོན་ལག་བསྟར་དོན་འཁྱོལ་དང་འབྲེལ་ཡོད་ལས་དོན་ལ་ཞིབ་འཇུག་དང་བཀོད་སྒྲིག་བྱས་པ་རེད།། (བདེ་སྐྱིད་ཀྱིས་བསྒྱུར།)