国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






( པར་ངོས་དང་པོར་མཐུད།)

ཚོགས་འདུར། འཕེལ་རྒྱས་ཀྱི་བསམ་ཕྱོགས་གསལ་པོར་བཟོ་བ་དང་རྒྱལ་སྤྱིའི་སྐྱེ་ཁམས་རིག་གནས་ཡུལ་སྐོར་བྱ་ཡུལ་བསྐྲུན་པའི་དམིགས་འབེན་བཟུང་ནས། མི་རིགས་རིག་གནས་ཀྱི་ཁྱད་ཆོས་ལ་གཞི་ཚུགས་ཏེ་འཕེལ་རྒྱས་ཀྱི་ཐབས་ལམ་སྔར་བས་གསལ་པོ་དང་། རིག་གནས་འགྲུལ་བཞུད་ཀྱི་གོ་ལ་ཧྲིལ་པོའི་ཚོང་གཉེར་སོགས་ཀྱི་བྱེད་སྒོ་རབ་དང་རིམ་པ་ཇུས་འགོད་ཞིབ་ཚགས་བྱས་ནས་རིག་གནས་ཡུལ་སྐོར་སྟོབས་ཆེན་ཁུལ་ཤུགས་ཆེན་བསྐྲུན་དགོས། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་ཏེ་སྔོན་ཐོན་ས་ཁུལ་གྱི་ལྗོངས་ཁུལ་གཉེར་སྐྱོང་དོ་དམ་དང་། ཚོང་གཉེར་ཁྱབ་སྤེལ། ཞབས་ཞུ་ཆ་འགྲིག་སོགས་གནད་སྨིན་ཉམས་མྱོང་དང་བྱ་ཐབས་རྒྱུད་རིམ་ལྡན་པའི་སྒོ་ནས་སློབ་སྦྱོང་དང་དཔྱད་གཞིར་འཛིན་པ་དང་། རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཀྱི་ཞན་ཆ་མགྱོགས་མྱུར་ཁ་གསབ་ནས་འགྲིམ་འགྲུལ་གཞུང་ལམ་དང་། ཡུལ་སྐོར་གསང་སྤྱོད། མཚོན་རྟགས་བྱང་བུ། འཕྲིན་གཏོང་དྲ་བ་སོགས་རྨང་གཞིའི་སྒྲིག་བཀོད་རྒྱུན་མཐུད་འཐུས་ཚང་དུ་གཏོང་བ། རྒྱུན་ལྡན་གྱི་དོ་དམ་སྲུང་སྐྱོང་དང་གཙང་སྦྲ་སོགས་ཡུན་ཕན་ལམ་སྲོལ་འཐུས་ཚང་དུ་བཏང་ནས། གསང་སྤྱོད་བཙོག་ཟིང་ཞན་གསུམ་གྱི་གནད་དོན་ཐག་གཅོད་ཤུགས་ཆེན་བྱ་དགོས། དངོས་སྒྲུབ་ལས་ཀའི་བྱ་ཐབས་སྤྱད་དེ་ཡུལ་སྐོར་བ་གཙོ་བོར་འཛིན་རྒྱུ་རྒྱུན་འཁྱོངས་ཀྱིས་ཞབས་ཞུའི་མ་ལག་རྒྱུན་མཐུད་ངང་ལེགས་སུ་གཏོང་བ་དང་། ཞབས་ཞུའི་ཕན་ནུས་ཆེ་རུ་བཏང་ནས་རིམ་པ་མཐོ་བའི་རིག་གནས་ཡུལ་སྐོར་གྱི་སྤུས་རྟགས་བསྐྲུན་རྒྱུར་བསྐུལ་ཏེ། ཡུལ་སྐོར་འཛད་སྤྱོད་ཀྱི་རྣམ་པ་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་གཏོང་བ་དང་རིག་གནས་ཡུལ་སྐོར་ཐོན་ལས་ཀྱི་སྤུས་ཚད་རིམ་སྤོར་འཕེལ་རྒྱས་ཀྱི་ཐབས་ལམ་ཁྱོན་ཡོངས་ནས་རྒྱ་ཆེར་གཏང་དགོས། མཉམ་སྒྲུབ་གཞོགས་འདེགས་ལ་ཤུགས་རྒྱག་པ་དང་ཏང་སྲིད་མཉམ་འཛིན་དང་། སྡེ་ཁག་མཉམ་སྒྲུབ། ཁུལ་དང་རྫོང་མཉམ་འགུལ་བཅས་ཀྱི་ལས་ཀའི་ལམ་སྲོལ་འཐུས་ཚང་དུ་བཏང་ནས་དོན་དག་གལ་ཆེན་གཅིག་གྱུར་འཆར་འགོད་བྱས་ནས་འགག་གནད་དང་དཀའ་གནད་སེལ་བ། ས་ཁོངས་མཉམ་འགུལ་ལ་ཤུགས་རྒྱག་པ། ཕྱི་ཕྱོགས་རིག་གནས་ཡུལ་སྐོར་མཉམ་ལས་ཟབ་ཏུ་གཏོང་བ། རྒྱུན་ལྡན་ཅན་དུ་འགྱུར་བའི་རིག་གནས་ཡུལ་སྐོར་ཚོང་རར་ཆེད་དོན་བཅོས་སྐྱོང་། མགྲོན་པོར་མགོ་སྐོར་གཏོང་བ་དང་དྲིལ་བསྒྲགས་རྫུན་མ་བྱེད་པ་བཅས་ཀྱི་བྱ་སྤྱོད་ལ་རྡུང་རྡེག་དྲག་པོ་བཏང་ནས་ལས་འཛོལ་ཚབས་ཆེན་མི་ཐོན་པའི་མཐིལ་ཚད་བརྟན་པོ་བསྲུང་དགོས་ཞེས་ནན་གསུང་གནང་བ་རེད།།

(བདེ་སྐྱིད་དང་ཀུན་དགས་བསྒྱུར།)