国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ལྕགས་ཟམ་རྫོང་གིས་གསར་བརྗེའི་སྙིང་སྟོབས་བཅངས་ནས་སྦག་མེད་གློག་ལས་འཕེལ་རྒྱས་བཏང་།

2026ལོ་ནི་ཀྲུང་གོའི་བཟོ་ཞིང་དམར་དམག་རྒྱང་སྐྱོད་ལས་རྒྱལ་ཁ་ཐོབ་ནས་ལོ90འཁོར་བའི་ལོ་ཞིག་ཡིན་པ་དང་། ལྕགས་ཟམ་ཁ་ནི་དམར་དམག་རྒྱང་སྐྱོད་ཀྱི་ལོ་རྒྱུས་ཁྲོད་ཁ་ཕྱོགས་འགྱུར་མཚམས་གལ་ཆེན་ཡིན་པ་བདེན་དཔང་བྱས་པ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ལོ་རྒྱུས་གཏིང་ཟབ་ལྡན་པ། བོད་འབྲེལ་ས་ཁུལ་དུ་དམར་དམག་གསར་བརྗེའི་སྲིད་དབང་ཐོག་མ་བཙུགས་པའི་གསར་བརྗེའི་གནས་གལ་ཆེན་ཞིག་ཀྱང་ཡིན།

ལྕགས་ཟམ་ཁའི་སྦག་མེད་གློག་ལས་གླིང་ཁུལ་གྱི་འོད་ཤུགས་སྒྲོམ་འཛུགས་ལས་གཞིའི་ཨར་ལས་བྱ་ཡུལ་དུ་ཐོན་དུས། གང་ས་གང་དུ་བཟོ་པ་ཚོ་དང་འཕྲུལ་ཆས་ཆེ་ཆུང་མང་པོ་ལས་ཀར་ཞུགས་ནས་མི་ཁོམ་མི་ལྕོགས་བྱེད་བཞིན་ཡོད།

དཀར་མཛེས་ཁུལ་ནུས་ཁུངས་འཕེལ་རྒྱས་ཚོགས་པའི་སྤྱི་ཁྱབ་གཉེར་དཔོན། ཀྲུང་ཐེན་ཁྲེན་ལེན་ནུས་ཁུངས་གསར་པའི་ཚན་རྩལ་ཚད་ཡོད་སྤྱི་གཉེར་ཁང་རྐང་དོན་པ་ཕེང་ཅན་ཅུན་གྱིས་བཟོ་ཁང་གི་སྒྲོམ་གཞི་གཙོ་བོ་ནི་ངར་ལྕགས་ཀྱི་ཀ་བ་སྦོམ་པོ58དང་ངར་ལྕགས་ཀྱི་གདུང་རྟ38ལས་གྲུབ་པ་ཞིག་ཡིན། དཀར་མཛེས་ཁུལ་ལ་མཚོན་ན་ཉི་ནུས་གསར་སྤེལ་སྟོང་ཝད་དུང་ཕྱུར1.5ཡན་གསར་སྤེལ་བྱ་ཆོག་པས་ཞིང་ཆེན་ཡོངས་སུ་ཨང་དང་པོར་གནས་ཡོད། ཡིན་ནའང་། ད་ལྟར་སྟོང་ཝད་ཁྲི2000ཙམ་མ་གཏོགས་གསར་སྤེལ་བྱས་ཐུབ་མེད། ད་སྔར། ཀྲའོ་ཝད600ཡི་འདེགས་སྒྲོམ་གྱི་མངགས་ཐོ་གཏན་འཁེལ་བྱས་ཚར་པ་དང་། སྤྱི་ཟླ7པར་དངོས་སུ་ཐོན་སྐྱེད་བྱ་འགོ་བཙུགས་ནས་རྩིས་སྤྲོད་བྱ་རྒྱུ་ཡིན། ལོ་དང་པོ་ནང་ཀྲའོ་ཝད3600ཐོན་སྐྱེད་བྱ་ཐུབ་པ་དང་། སྔོན་དཔག་བྱས་ན་ཚོང་གཉེར་ཡོང་འབབ་སྒོར་དུང་ཕྱུར1.5ཟིན་ཐུབ་རྒྱུ་རེད། ལས་གཞི་ཐོན་སྐྱེད་བྱེད་འགོ་བཙུགས་རྗེས། ཐོག་མ་ས་གནས་དེ་གའི་མང་ཚོགས་ལ་ལྟ་རྟོག་བྱས་ནས་ཐད་ཀར་ལས་ཞུགས་ལས་གནས40ཐག་གཅོད་བྱ་ཐུབ་ཅེས་གསར་འགོད་པར་ངོ་སྤྲོད་བྱས།

དཀར་མཛེས་ཁུལ་གྱི་གོང་འོག་ཚང་མས་གསར་བརྗེ་སྔོན་རབས་པའི་གསར་བརྗེའི་སྙིང་སྟོབས་སེམས་ལ་དམ་པོ་བཅངས་ནས་འབད་བརྩོན་ལྷོད་མེད་ཀྱིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་དཀར་མཛེས་ཁུལ་གྱི་ལེའུ་གསར་པ་འབྲི་བཞིན་ཡོད།།

( སྐལ་བཟང་རྒྱ་མཚོས་བྲིས།)