དོ་བདག་པས་ཁ་ཆེམས་བཞག་མེད་པའི་གནས་ཚུལ་འོག། ཤུལ་འཛིན་མཁན་གྱིས་ཁྲིམས་བཀོད་ཀྱི་ཤུལ་འཛིན་གོ་རིམ་ལྟར་ཤུལ་འཛིན་བྱ་དགོས། རང་རྒྱལ་གྱི་དམངས་དོན་ཁྲིམས་གཞུང་གི་དོན་ཚན1127པའི་ཚན་པ1པོ་དང2པའི་གཏན་འཁེལ་ལྟར་ན།“ཤུལ་འཛིན་རྒྱུ་ནོར་གཤམ་གྱི་གོ་རིམ་ལྟར་ཤུལ་འཛིན་བྱ་དགོས་ཏེ།
(གཅིག)གོ་རིམ་དང་པོ། བཟའ་ཟླ་དང་བུ་ཕྲུག། ཕ་མ།
(གཉིས)གོ་རིམ་གཉིས་པ། ཕུ་ནུ་མིང་སྲིང་དང་སྤོ་བོ། རྨོ་མོ།
ཤུལ་འཛིན་འགོ་བརྩམས་རྗེས། གོ་རིམ་དང་པོའི་ཤུལ་འཛིན་མཁན་གྱིས་ཤུལ་འཛིན་བྱ་དགོས་པ་དང་། གོ་རིམ་གཉིས་པའི་ཤུལ་འཛིན་མཁན་གྱིས་ཤུལ་འཛིན་བྱ་མི་ཆོག། གོ་རིམ་དང་པོའི་ཤུལ་འཛིན་མཁན་མེད་ན། གོ་རིམ་གཉིས་པའི་ཤུལ་འཛིན་མཁན་གྱིས་ཤུལ་འཛིན་བྱ་དགོས”ཞེས་བཀོད་ཡོད། དུས་མཚུངས་སུ་དམངས་དོན་ཁྲིམས་གཞུང་གི་དོན་ཚན1128པའི་ཚན་པ2པའི་གཏན་འཁེལ་ལྟར་ན། “ཤུལ་བཞག་ནོར་བདག་གི་ཕུ་ནུ་མིང་སྲིང་གང་ཞིག་ཤུལ་བཞག་ནོར་བདག་གི་སྔོན་ལ་ཚེ་ལས་འདས་པ་ཡིན་ན། ཤུལ་བཞག་ནོར་བདག་གི་གཅེན་གཅུང་མིང་སྲིང་གི་བུ་ཕྲུག་གིས་ཚབ་བྱས་ནས་ཤུལ་འཛིན་བྱ་དགོས”ཞེས་བཀོད་ཡོད། ཡང་ཅིག་བཤད་ན། ཤུལ་ནོར་དེའི་གོ་རིམ་ངེས་ཅན་ལྟར་ཤུལ་འཛིན་བྱ་དགོས་ཤིང་། གོ་རིམ་དང་པོའི་ཤུལ་འཛིན་མཁན་མེད་པའི་གནས་ཚུལ་འོག། གོ་རིམ་གཉིས་པའི་ཤུལ་འཛིན་མཁན་གྱིས་ཤུལ་འཛིན་བྱ་དགོས། དེར་མ་ཟད་གོ་རིམ་གཉིས་པའི་ཕུ་ནུ་མིང་སྲིང་སོགས་ཤུལ་འཛིན་མཁན་གང་ཞིག་གལ་ཏེ་ཤུལ་བཞག་ནོར་བདག་གི་སྔོན་ལ་ཚེ་ལས་འདས་པ་ཡིན་ན། ཕུ་ནུ་མིང་སྲིང་གང་ཞིག་གི་བུ་ཕྲུག་གིས་ཚབ་བྱས་ནས་ཤུལ་འཛིན་བྱ་དགོས། ཚབ་བྱེད་ཤུལ་འཛིན་མཁན་གྱིས་སྤྱིར་བཏང་དུ་ཚབ་བྱེད་ཤུལ་འཛིན་མཁན་ལ་ཤུལ་འཛིན་བྱེད་དབང་ཡོད་པའི་ཤུལ་དངོས་ཀྱི་སྐལ་ཁོ་ན་ཤུལ་འཛིན་བྱ་དགོས།། (ཀུན་དགས་བསྡུས།)
