国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






དཀར་མཛེས་ཁུལ་གངས་དཀར་བུམ་པ་རྟགས་མའི་དམངས་ཡོངས་ལུས་ སྦྱོང་ལས་བཟོ་བའི་སླེ་གྲུག་འགྲན་སྡུར་སྤེལ་འགོ་བཙུགས།

རྩལ་སྟོབས་རྒྱལ་ཁབ་དང་སྐྱོན་བྲལ་ཀྲུང་གོའི་འཐབ་ཇུས་བཀོད་སྒྲིག་ལག་ལེན་མཐར་ཕྱིན་བསྟར་བ་དང་། རྒྱལ་ཁབ་ཀྱི་ཆེད་དུ་གཟི་བརྗིད་བརྩོན་ལེན་དང་ཚན་མཐུན་བདེན་འཚོལ། སྒྲིག་སྲུང་ཁྲིམས་སྲུང་དང་མཐུན་སྒྲིལ་གཞོགས་སྒྲུབ། དཔའ་ངར་ཞུམ་མེད་བཅས་ཀྱི་དུས་རབས་གསར་པའི་ཀྲུང་ཧྭའི་ལུས་རྩལ་སྙིང་སྟོབས་དར་སྤེལ་ཤུགས་ཆེན་གཏང་ཆེད། སྤྱི་ཟླ5པའི་ཚེས23ཉིན།དཀར་མཛེས་ཁུལ་གངས་དཀར་བུམ་པ་རྟགས་མའི་དམངས་ཡོངས་ལུས་སྦྱོང་ལས་བཟོ་བའི་སླེ་གྲུག་འགྲན་སྡུར་དེ་དཀར་མཛེས་ཁུལ་མི་རིགས་ལུས་རྩལ་ཁང་ནས་གཟབ་རྒྱས་ངང་སྤེལ་བ་རེད།

ཐེངས་འདིའི་འགྲན་སྡུར་ནི་དཀར་མཛེས་ཁུལ་སློབ་གསོ་ལུས་རྩལ་ཅུས་དང་དཀར་མཛེས་ཁུལ་ནགས་རྩྭ་ཅུས། དཀར་མཛེས་ཁུལ་སྤྱི་ཁྱབ་བཟོ་ཚོགས། དར་མདོ་གྲོང་ཁྱེར་མི་དམངས་སྲིད་གཞུང་། རོང་བྲག་རྫོང་མི་དམངས་སྲིད་གཞུང་བཅས་ཀྱིས་གཙོ་སྒྲུབ་བྱས་པ་དང་། དཀར་མཛེས་ཁུལ་ལུས་རྩལ་སྤྱི་ཁྱབ་ལྷན་ཚོགས་དང་དཀར་མཛེས་ཁུལ་ལུས་རྩལ་ལྟེ་གནས། དར་མདོ་གྲོང་ཁྱེར་སློབ་གསོ་ལུས་རྩལ་ཅུས། རོང་བྲག་རྫོང་སློབ་གསོ་ལུས་རྩལ་ཅུས་བཅས་ཀྱིས་སྒྲུབ་འགན་ཁུར་བ་དང་། དཀར་མཛེས་ཁུལ་སླེ་གྲུག་མཐུན་ཚོགས་ཀྱིས་རོགས་སྒྲུབ་བྱས་པ་རེད།

འགོ་འཛུགས་མཛད་སྒོར། ཁུལ་རིམ་པའི་སྡེ་ཚན་དང་རྫོང་ཁག་སོ་སོ། སྤྱི་ཚོགས་ལས་རིགས་ཁག་བཅས་ནས་ཡོང་བའི་ལུས་རྩལ་རུ་ཁག40ཞུགས་ཤིང་། ད་དུང་ཞབས་བྲོ《སྤྲོ་འཁོལ་མཐོ་སྒང》དང་གླུ་གཞས《གངས་ལྷ་མེ་ཏོག》སོགས་འཁྲབ་སྟོན་བྱས། འགོ་འཛུགས་མཛད་སྒོ་མཇུག་བསྒྲིལ་རྗེས་དཀར་མཛེས་ཁུལ་ནགས་རྩྭ་ཅུས་དང་དར་མདོ་གྲོང་ཁྱེར་འཚུབ་བསྟུན་ཅུས་ཀྱིས་ཛ་དྲག་གི་འགྲན་སྡུར་སྤེལ་བ་རེད། ཐེངས་འདིའི་ལུས་རྩལ་འགྲན་སྡུར་དེ་སྤྱི་ཟླ5པའི་ཚེས23ཉིན་ནས་ཚེས30ཉིན་བར་ཁྱོན་ཉིན8རིང་སྤེལ་རྒྱུ་ཡིན་པ་རེད།།

( རྟ་མགྲིན་རྡོ་རྗེས་བྲིས།)