国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






2026ལོའི་དཀར་མཛེས་ཁུལ་འཕྲིན་སྦྱོར་མཉམ་འདྲེས་ཀྱི་འདྲི་སྒྲིག་ནུས་པ་ཆེར་གཏོང་གི་གསོ་སྦྱོང་སྤེལ།

འཕྲིན་སྦྱོར་མཉམ་འདྲེས་དང་འཕེལ་རྒྱས་འགྲོ་བར་རྒྱུན་མཐུད་ངང་སྐུལ་འདེད་བཏང་ནས་དུས་རབས་ཀྱི་དགོས་མཁོ་དང་འཚམ་ཞིང་བྱང་ཚད་མཐོ་བའི་ཆེད་ལས་ཅན་གྱི་འཕྲིན་སྦྱོར་མཉམ་འདྲེས་དཔུང་ཁག་གཏོད་ཆེད། སྤྱི་ཟླ5པའི་ཚེས19ནས་ཚེས21ཉིན་བར“འཕྲིན་སྦྱོར་གསར་པའི་ཉེར་སྤྱོད་དངོས་སྦྱོང”གཙོ་དོན་བྱས་པའི2026ལོའི་དཀར་མཛེས་ཁུལ་འཕྲིན་སྦྱོར་མཉམ་འདྲེས་ཀྱི་འདྲི་སྒྲིག་ནུས་པ་ཆེར་གཏོང་གི་གསོ་སྦྱོང་འཛིན་གྲྭ་དེ་ཁུལ་གཏོང་སྦྱོར་ལྟེ་གནས་ནས་སྤེལ། ཁུལ་གཏོང་སྦྱོར་ལྟེ་གནས་ཀྱི་འདྲི་སྒྲིག་མི་སྣ་ཡོངས་དང་རྫོང(གྲོང་ཁྱེར)ཁག་གི་འཕྲིན་སྦྱོར་མཉམ་འདྲེས་ལྟེ་གནས་ཀྱིས་འདེམས་གཏོང་བྱས་པའི་འདྲི་སྒྲིག་མི་སྣ་བཅས་མཉམ་དུ་འཛོམས་ནས་དུས་ཡུན་ཉིན་གསུམ་རིང་གསོ་སྦྱོང་སྤེལ་བ་རེད།

ཐེངས་འདིའི་གསོ་སྦྱོང་དེ་དུས་རབས་གསར་པའི་གསར་འགྱུར་གླེང་ཕྱོགས་ལས་དོན་གྱི་ལས་འགན་དང་ཟུང་འབྲེལ་བྱས་ནས་ཁུལ་ཡོངས་ཀྱི་གསར་འགྱུར་ལས་དོན་པས་གཙོ་རྒྱུན་གླེང་ཕྱོགས་ཀྱི་གཡུལ་ས་བརྟན་སྲུང་དང་ཡང་དག་པའི་ལས་རིགས་ཁྲིད་ཕྱོགས་འཛུགས་སྐྱོང་། གསར་འགྱུར་བརྒྱུད་བསྒྲགས་ཀྱི་ཐོག་མའི་བསམ་འདུན་ལ་གཞི་ཚུགས་ནས་ནང་དོན་གཙོར་འཛིན་དང་རིན་ཐང་གཙིགས་འཛིན་གྱི་གསར་རྩོམ་གྱི་འདུ་ཤེས་མཐའ་འཁྱོངས་ཏེ། རང་ཡུལ་གྱི་བརྗོད་བྱ་སྔོག་འདོན་དང་དཀར་མཛེས་ཀྱི་གཏམ་རྒྱུད་ཡག་པོ་བཤད་པ། རྒྱུག་ཚད་ཁོ་ན་དང་མིག་དབང་ཁོ་ནའི་གསར་རྩོམ་གྱི་ཕྱོགས་ལྷུང་མི་ལེགས་པ་རང་འགུལ་ངང་དོར་ནས་དཀར་མཛེས་ཁུལ་གྱི་དྲང་ནུས་རྒྱུན་མཐུད་ངང་བརྒྱུད་སྤེལ་བྱས།

ཤེས་རྟོགས་བྱུང་བར་གཞིགས་ན།ཐེངས་འདིའི་གསོ་སྦྱོང་ནང“སྦྲེལ་ལམ་ཡོངས་ལ་ཁྱབ་པ་དང་དངོས་སྦྱོང་ཤུགས་ཆེར་གཏོང་བ་ཟུང་དུ་འབྲེལ”བའི་སློབ་ཚན་ཇུས་འགོད་ཀྱི་བསམ་ཕྱོགས་མཐའ་འཁྱོངས་ཤིང་། གསར་འགྱུར་རྩོམ་འབྲི་དངIPགཏོད་པ། བརྙན་པར་ལེན་པའི་ལག་ལེན། བརྙན་ལམ་ཐུང་ངུ་གདམ་གསེས་ཇུས་འགོད། འཁྲབ་གཞུང་གསར་རྩོམ། གཅོད་སྒྲིག་ལེགས་གཏོང་སོགས་ཚུད་ཀྱི་ནང་དོན་ཡོད་པ་རེད། བརྒྱུད་རིམ་ཅན་དང་ནང་འཁོར་རྣམ་པའི་འཕྲིན་སྦྱོར་གསར་པའི་རྩལ་ནུས་མ་ལག་བསྐྲུན་ནས་གཞི་རིམ་གྱི་དྲིལ་བསྒྲགས་ལས་དོན་གྱི་དགོས་མཁོ་དངོས་དང་འཚམ་པར་བྱས། གསོ་སྦྱོང་ནང་ཆེད་མངགས་གདན་ཞུས་བྱས་པའི་ཏང་གི་འཕྲིན་སྦྱོར་རྩོམ་སྒྲིག་པ་དང་། གསར་འགོད་པ། མཐོ་སློབ་ཀྱི་དགེ་རྒན་སོགས་ཀྱིས་ཡུལ་དངོས་ནས་སློབ་ཁྲིད་བྱས་ཤིང་། བརྒྱུད་རིམ་ཧྲིལ་པོར“འཆད་ཞོར་སྦྱོང་ཞོར”གྱི་སློབ་ཁྲིད་བྱེད་སྟངས་སྤྱད་དེ་གཞི་རིམ་གྱི་བཅར་འདྲི་དང་རྩོམ་སྒྲིག་པའི“སློབ་སྦྱོང་དང་བཀོལ་སྤྱོད་ཐ་དད་དུ་གྱུར་པའི”དཀའ་གནད་བསལ་བ་རེད།

གསོ་སྦྱོང་རིང་སློབ་མས་གནད་དོན་ལ་གཞིགས་ནས་སློབ་སྦྱོང་དང་དངོས་སུ་སྦྱོང་བརྡར་བྱས་ཏེ་གཅིག་སྡུད་ཞིབ་འཇུག་སློབ་སྦྱོང་། གྲོས་བསྡུར་སྤེལ་རེས་ཁྲོད་འཕྲིན་སྦྱོར་གསར་པའི་གསར་རྩོམ་གྱི་བརྒྱུད་རིམ་ཧྲིལ་པོ་ཤེས་རྟོགས་ཐུབ་པ་བྱས་ནས་ལས་སྒོའི་ཞན་ཆ་གསབ་པ་དང་དངོས་སུ་སྦྱོང་བརྡར་བྱེད་པའི་རྩལ་ནུས་ཆེ་རུ་བཏང་། ཚང་མས་སྦྱངས་པའི་འབྲས་བུ་དེ་འཕྲིན་སྦྱོར་མཉམ་འདྲེས་གསར་རྩོམ་གྱི་དངོས་འཐབ་སྟོབས་ཤུགས་སུ་བསྒྱུར་ནས་སྔར་བས་ཆེད་ལས་ཡིན་པའི་འཕྲིན་སྦྱོར་གསར་པའི་འཇོན་ཐང་ལ་བརྟེན་ནས་དཀར་མཛེས་ཁུལ་གྱི་གཏམ་རྒྱུད་ཡག་པོ་བཤད་རྒྱུ་ཡིན་པ་རེད།།

( རྟ་མགྲིན་རྡོ་རྗེས་བྲིས།)