国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






དྲུག་གཅིག་བྱིས་པའི་དུས་ཆེན་བསུ་བའི་བཀྲ་ཤིས་ཁ་གཡང་།

བྱིས་པ་མི་རིགས་ཡོངས་ཀྱི་རྩ་བ་ཡིན།།

བྱིས་པ་མི་རིགས་ཡོངས་ཀྱི་རེ་བ་ཡིན།།

བྱིས་པ་ཕ་མའི་སེམས་ཀྱི་ནོར་བུ་ཡིན།།

བྱིས་པ་དགེ་རྒན་ཀུན་གྱི་སློབ་མ་ཡིན།།

བྱིས་པའི་བློ་སེམས་དཀར་གཙང་ཁ་བཏགས་ཡིན།།

བྱིས་པའི་རང་གཤིས་དྭངས་གཙང་ཆུ་བོ་ཡིན།།

བྱིས་པའི་མཛའ་བརྩེ་མ་བཅོས་ལྷད་མེད་ཡིན།།

བྱིས་པའི་ལང་ཚོ་མེ་ཏོག་པད་མ་ཡིན།།

བྱིས་པ་བདེ་ཐང་ཡོང་བའི་འབད་བརྩོན་བྱེད།།

བྱིས་པ་སློབ་སྦྱོང་ཡོང་བའི་སློབ་གསོ་སྐྱོང་།།

བྱིས་པ་ཀུན་སྤྱོད་ལེགས་པའི་ཡར་སྐུལ་བྱེད།།

བྱིས་པ་ལྷག་བསམ་ཡོང་བའི་རེ་སྨོན་ཞུ།།

བྱིས་པ་བདེ་སྐྱིད་ལྡན་པའི་ལས་ལ་བརྩོན།།

བྱིས་པ་བྱམས་བརྩེའི་ཕྱག་གིས་ཡང་ཡང་བསྐྱངས།།

བྱིས་པ་འཚར་ལོངས་ཡོང་བའི་ལས་ལ་འབད།།

བྱིས་པ་གང་དགོས་ཅི་གསུང་ཡང་ཡང་སྒྲུབ།།

བྱིས་པ་ཆུང་ཆུང་དུས་སུ་སྐྱིད་ཅིག་ཡོད།།

བྱིས་པ་ཆུང་ཆུང་དུས་སུ་སྤྲོ་བ་ཡོད།།

བྱིས་པ་ཆུང་ཆུང་དུས་སུ་དགོད་སྒྲ་ཡོད།།

བྱིས་པ་ཆུང་ཆུང་དུས་སུ་བག་ཡང་ཡོད།།

བྱིས་པའི་དུས་ཆེན་ཚེས་བཟང་དུས་བཟང་ཉིན།།

བྱིས་པ་དག་གི་ཅི་བསམ་འགྲུབ་པ་དང་།།

བྱིས་པ་ཀུན་ལ་ནད་མེད་ཚེ་རིང་དང་།།

བྱིས་པའི་འདོད་དོན་འགྲུབ་པའི་བཀྲ་ཤིས་ཞུ།།

༼ རྡོ་རྗེ་ཐར་ལམ། ༽