ཉེ་ཆར། 2026ལོའི་གངས་ལྗོངས་གནའ་གྲོང་དང་གནས་མཆོག་ལྷ་ས་ཞེས་པའི་རིག་གནས་ཡུལ་སྐོར་དུས་ཆེན་གནམ་མཚོའི་དར་ཁ་ཞུ་བའི་བྱེད་སྒོ་གནམ་མཚོ་ཕྱུག་མོའི་ཁ་ནས་སྤེལ་བ་རེད། གནམ་མཚོ་ལ་མཚོ་འཕགས་སྨི4718ཡོད་ལ། ལོ་རེའི་སྤྱི་ཟླ5པར་གྲང་ངར་ཆེ་བའི་དགུན་ཁ་བརྒལ་ནས་ཡུན་རིང་བསྡམས་པའི་གནམ་མཚོའི་འཁྱགས་རོམ་རིམ་གྱིས་ཞུ་སྟེ། མཚོ་མོའི་དར་ཁ་ཞུ་བའི་དུས་ཚིགས་སུ་སླེབས་དུས་ས་གནས་ཁག་གི་ཡུལ་སྐོར་བ་གནམ་མཚོའི་མཛེས་སྡུག་ལ་ལྟ་སྐོར་དུ་ཡོང་བ་རེད།།
