国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཀྲའོ་པོ་ཡིས་ཁུལ་ཡོངས་ཀྱི་ནོར་གནག་ཐོན་ལས་འཕེལ་རྒྱས་ལས་དོན་གྱི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་ནས།

བློ་བརྟན་འགྱུར་མེད་ངང་ནོར་གནག་ཐོན་ལས་སྟོབས་ཆེར་དང་ལེགས་སུ་བཏང་ནས་དེང་རབས་མཐོ་སྒང་ཁྱད་ཆོས་ཀྱི་ཞིང་འབྲོག་ལས་རྟེན་གཞི་འཛུགས་པར་ཤུགས་འདོན་དགོས་གསུངས།

སྤྱི་ཟླ5པའི་ཚེས22ཉིན་ལ་ཁུལ་ཨུའི་ཧྲུའུ་ཅི་ཀྲའོ་པོ་ཡིས་ཁུལ་ཡོངས་ཀྱི་ནོར་གནག་ཐོན་ལས་འཕེལ་རྒྱས་སྤུས་ཚད་མཐོན་པོར་ཡོང་བའི་ལས་དོན་གྱི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་ནས་འཚོགས་པ་རེད། ཁོང་གིས“ཞིང་གསུམ”ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བསྟར་བ་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བཀོད་སྒྲིག་ཁྱོན་ཡོངས་ནས་དོན་འཁྱོལ་བྱེད་པ། ཐོན་ཁུངས་ཕུན་སུམ་ཚོགས་པོར་གཞི་འཛུགས་པ་དང་དྲང་སྲུང་གསར་གཏོད་རྒྱུན་འཁྱོངས་བྱེད་པ། བློ་བརྟན་འགྱུར་མེད་ངང་ནོར་གནག་ཐོན་ལས་སྟོབས་ཆེར་དང་ལེགས་སུ་བཏང་ནས་དེང་རབས་མཐོ་སྒང་ཁྱད་ཆོས་ཀྱི་ཞིང་འབྲོག་ལས་རྟེན་གཞི་འཛུགས་པར་ཤུགས་འདོན་དགོས་གསུངས། ཁུལ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ཧྲུའུ་ཏ་ཁྲུན་དང་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཡུས་ཆུང་ཚོགས་འདུར་ཞུགས། ཚོགས་འདུར་ཁུལ་ཡོངས་ཀྱི་ནོར་གནག་ཀྱི་ཁྱད་ཆོས་ཐོན་ལས་འཕེལ་རྒྱས་འགྲོ་ཚུལ་གྱི་སྙན་སེང་ལ་ཉན་པར་མ་ཟད། ཚོགས་ཞུགས་བློ་མཐུན་ཚོས་ནོར་གནག་ཐོན་ལས་འཕེལ་རྒྱས་སྤུས་ཚད་མཐོན་པོར་བསྐུལ་རྒྱུར་དམིགས་ནས་སྤེལ་རེས་གཏམ་བཤད་བྱས་པ་རེད། ( པར་ངོས་གཉིས་པར་གཟིགས།)