སྤྱི་ཟླ5པའི་ཚེས25ཉིན། ཁུལ་ཨུའི་ཧྲུའུ་ཅི་ཀྲའོ་པོ་དང་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་དབྱང་ཧུང་ཧྲོའུ་ཡིས་རུ་ཁག་སྣེ་ཁྲིད་ནས་ཁྲེང་ཏུའུ་རུ་བསྐྱོད་དེ་དཔལ་འབྱོར་དང་ཆ་འཕྲིན་ཅན་ཐིང་ཏང་ཚན་ཁག་གི་ཧྲུའུ་ཅི་ཡན་ཝུའེ་ཏུང་དང་བཞུགས་མོལ་སྤེལ་རེས་གནང་བ་རེད།
བཞུགས་མོལ་གནང་རིང་། ཀྲའོ་པོ་དང་དབྱང་ཧུང་ཧྲོའུ་ཡིས་དཔལ་འབྱོར་དང་ཆ་འཕྲིན་ཅན་ཐིང་གིས་དུས་ཡུན་རིང་པོའི་ནང་དཀར་མཛེས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་ཤིང་། ཀྲའོ་པོ་ཡིས་མིག་སྔར་དཀར་མཛེས་ཁུལ་གྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་གནང་བའི་རྒྱལ་སྤྱིའི་སྐྱེ་ཁམས་རིག་གནས་ཡུལ་སྐོར་བྱ་ཡུལ་དང་། འབྱུང་འཕྲོད་ནུས་ཁུངས་མཁོ་སྤྲོད་བྱ་ཡུལ་གལ་ཆེན། དེང་རབས་མཐོ་སྒང་གི་ཁྱད་ཆོས་ཞིང་འབྲོག་ལས་རྟེན་གཞི་བཅས་གཏོད་པའི"འགན་འཁྲི་དང་ལས་འགན་ཆེན་པོ་གསུམ"ལ་དམ་པོར་དམིགས་ནས། རིག་གནས་ཡུལ་སྐོར་དང་ནུས་ཁུངས་གཙང་མ། ཁྱད་ཆོས་ཞིང་འབྲོག་བཅས་ཀྱི"དོན་ཆེན་གསུམ"གཅིག་གྱུར་འཆར་འགོད་ཡག་པོ་བྱས་ཏེ། རིག་གནས་ཡུལ་སྐོར་ཁུལ་དང་ནུས་ཁུངས་ཁུལ། སྐྱེ་ལྡན་ཁུལ་བཅས་མགྱོགས་མྱུར་བསྐྲུན་དགོས་པ་དང་། དཔལ་འབྱོར་དང་ཆ་འཕྲིན་ཅན་ཐིང་གིས་བཟོ་ལས་ཁེ་ལས་ཀྱི་ལག་རྩལ་སྒྱུར་བཀོད་དང་། ( པར་ངོས་གཉིས་པར་གཟིགས།)
