སྤྱི་ཟླ5པའི་ཚེས25ཉིན། ཁུལ་ཡོངས་ཀྱི་སྲིད་ཁྲིམས་ཁོངས་གཏོགས་ཀྱི་ཏང་འཛུགས་སྐྱོང་ལས་དོན་དང་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་ལས་དོན་ཚོགས་འདུ་དར་མདོར་འཚོགས། ཚོགས་འདུར་ཏང་འཛུགས་སྐྱོང་དང་ཏང་གི་རང་ངོས་གསར་བརྗེའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བསྟར་ཏེ། ཁྱོན་ཡོངས་ནས་ཏང་ནན་པོར་སྐྱོང་བ་དང་ཁུལ་ཡོངས་ཀྱི་སྲིད་ཁྲིམས་ཁོངས་གཏོགས་ཀྱི་ཏང་འཛུགས་སྐྱོང་དང་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་གི་གཙོ་གནད་ལས་འགན་ལ་ཞིབ་འཇུག་དང་བཀོད་སྒྲིག་བྱས་པ་རེད། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ཀའོ་ཀྲན་ཚོགས་འདུར་ཞུགས་པར་མ་ཟད་གཏམ་བཤད་བྱས་པ་རེད།
ཚོགས་འདུར། ཁུལ་ཡོངས་ཀྱི་སྲིད་ཁྲིམས་དཔུང་ཁག་གིས་ལྷག་བསམ་རྣམ་དག་དང་བློས་འགེལ་ཆོག་པ་བཅས་ཀྱི་ཆབ་སྲིད་ཀྱི་ཚད་ཁྲི་གཏན་འཁེལ་བྱས་ཏེ། ཚད་གཞི་སྔར་ལས་མཐོ་བ་དང་བླང་བྱ་སྔར་ལས་ནན་པོར་བརྟེན་ནས་ཁྱོན་ཡོངས་ནས་ཏང་དོ་དམ་དང་ཉེན་རྟོག་པ་ནན་སྐྱོང་བྱེད་པརབསྐུལ་བ་དང་། ལྷག་བསམ་རྣམ་དག་དང་སྤྱོད་གཙང་། འགན་འཁུར་ཕོད་པ་བཅས་ཀྱི་སྲིད་ཁྲིམས་འཛུགས་སྐྱོང་བྱ་དགོས་ཞེས་ནན་གསུང་གནང་བ་རེད།
ཚོགས་འདུར། ཁུལ་ཡོངས་ཀྱི་སྲིད་ཁྲིམས་ཁོངས་གཏོགས་ཀྱིས་ཏང་འཛུགས་སྐྱོང་གིས་སྣེ་ཁྲིད་དང་སྲིད་གཙང་གཡས་གཞོགས་གཡོན་འདེགས་བྱ་རྒྱུ་རྒྱུན་འཁྱོངས་ཏེ། ཏང་འཛུགས་སྐྱོང་དང་ལས་སྒོ་མཉམ་འདྲེས་ཡང་དག་པ་དང་ཕན་ཚུན་སྐུལ་འདེད་མཉམ་སྐྱོད་བྱ་རྒྱུར་བསྐུལ་དགོས་པ་དང་། རིགས་པའི་གཞུང་ལུགས་ཀྱིས་དྲག་ཆས་སྤྲས་ཤུགས་ཆེ་རུ་གཏོང་བ་དང་སློབ་སྦྱོང་དང་། ཞིབ་བསྡུར། ཇུས་ཐག་གཅོད་པ། དོན་འཁྱོལ། ལྡོག་ལན་སྤྲོད་པ་བཅས་དོན་འཁྱོལ་དགོས། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་སེམས་ལ་ཟུག་པ་དང་ཕན་འབྲས་ཐོན་པར་བསྐུལ་དགོས། བདེ་འཇགས་དང་བརྟན་བརླིང་སྲུང་སྐྱོང་བྱ་རྒྱུ་དེ་ཨང་དང་པོར་བཞག་ནས་སྤྱི་ཚོགས་བཅོས་སྐྱོང་གི་ཕན་ནུས་ཆེ་རུ་གཏོང་བ་དང་། འགལ་བ་དང་ཉེན་ཁ་སེལ་ནས་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བའི་ཁྲོད་སྲིད་ཁྲིམས་ཀྱི་འགན་འཁྲི་འཁུར་སེམས་མངོན་པར་བྱས་ཏེ། ཆུ་ཚད་མཐོ་བའི་བདེ་འཇགས་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགན་ལེན་བྱ་དགོས། གཞི་རིམ་རྩ་འཛུགས་ཀྱི་རྨང་གཞི་བརྟན་དུ་གཏང་བ་དང་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བ་ནན་དུ་གཏང་དགོས། མང་ཚོགས་ཀྱི་དཀའ་སྡུག་སེམས་ཁྲལ་དང་རེ་སྒུག་ལ་དམིགས་ནས་ཁྲིམས་འཛིན་གྱི་མངོན་གསལ་དོད་པའི་གནད་དོན་བཅོས་སྒྲིག་བྱས་ཏེ། མི་དམངས་མང་ཚོགས་ལ་གྱོད་གཞི་ཚང་མའི་ཁྲོད་དྲང་སྙོམས་དྲང་བདེན་ཚོར་ཐུབ་པར་བྱ་དགོས། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དོན་དུ་ནན་པོ་འཁྱོལ་ཏེ་རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་ཐུབ་པ། རུལ་སུངས་སུ་འགྱུར་མི་འདོད་པ་བཅས་གཞི་གཅིག་ཏུ་འགྱུར་བར་བསྐུལ་དགོས། བྱེད་པོའི་འགན་འཁྲི་དང"ལས་གནས་གཅིག་ལ་འགན་འཁྲི་གཉིས"དོན་ལ་འཁྱོལ་བར་བྱས་ནས་སྤྱོད་ཚུལ་ནན་པོར་བརྟེན་ཏེ་ཁྱོན་ཡོངས་ནས་ཏང་ནན་པོས་སྐྱོང་བ་དང་ཉེན་རྟོག་པ་བཅོས་སྐྱོང་གཏིང་ཟབ་དང་ཏན་ཏིག་ཡོང་རྒྱུར་བསྐུལ་དགོས་ཞེས་བླང་བྱ་བཏོན་པ་རེད།། ( བདེ་སྐྱིད་ཀྱིས་བསྒྱུར།)
