ཉེ་ཆར། དཀར་མཛེས་རྫོང་སྲིད་གྲོས་ལྟ་ཞིབ་ཚོ་ཆུང་གིས“མི་བྱེད་པ་བཞི་དང་ཐད་ཀ་གཉིས”ཀྱི་རྟོག་ཞིབ་བྱེད་སྟངས་སྤྱད་དེ་ཡུལ་ཤོག་དང་གྲོང་རྡལ་ཁག་གཅིག་ཏུ་བསྐྱོད་ནས2026ལོའི“དོན་དག་ཡོད་ཚེ་གྲོས་མོལ་བྱེད་པའི”ལས་སྟེགས་འཁོར་སྐྱོད་བྱེད་ཚུལ་ལ་ལྟ་སྐུལ་མཛུབ་ཁྲིད་བྱས། ལྟ་སྐུལ་མཛུབ་ཁྲིད་ཚོ་ཆུང་གིས“ཡོད་པ་བཞི་དང་གཅིག་གྱུར་བཞིའི”གྲོས་མོལ་ལས་སྟེགས་འཛུགས་པའི་ཚད་གཞིར་ནན་པོར་དམིགས་ནས་ཡུལ་དངོས་ནས་རྟོག་ཞིབ་དང་རྩིས་ཁྲར་ལྟ་ཞིབ། ཨུ་ཡོན་བཞུགས་མོལ་སོགས་ཀྱི་བྱ་ཐབས་བརྒྱུད་དེ་ཕྱོགས་ཡོངས་ནས“འབད་ཐབས་ཡོད་པ་དང་མཚོན་རྟགས་ཡོད་པ། ལམ་ལུགས་ཡོད་པ། ཕན་འབྲས་ཐོན་པ”བཅས་ཀྱི་དོན་འཁྱོལ་ཚུལ་ལ་ཞིབ་དཔྱད་བྱས་པར་མ་ཟད། “མཚོན་རྟགས་གཅིག་གྱུར་དང་གོ་རིམ་གཅིག་གྱུར། ཟིན་ཐོ་གཅིག་གྱུར། ཡོངས་བསྒྲགས་ནང་དོན་གཅིག་གྱུར”བཅས་ཀྱི་བླང་བྱ་དང་བསྡུར་ནས་ཞན་ཆ་གྲལ་བཤེར་བྱས།
ཐེངས་འདིའི་བྱ་སྤྱོད་ཀྱིས་ལས་སྟེགས་འཁོར་སྐྱོད་ཀྱི་ཚད་ལྡན་རང་བཞིན་མཐོ་རུ་བཏང་བ་དང“དོན་དག་ཡོད་ཚེ་གྲོས་མོལ་བྱེད་པའི”ལས་སྟེགས་རྨང་གཞི་ཇེ་བརྟན་དང་སྤུས་ཚད་དང་ཕན་འབྲས་མཐོ་རུ་གཏོང་བའི་ཕྱོགས་སུ་བསྒྱུར་བར་བསྐུལ་ནས་གཞི་རིམ་གྱི་གྲོས་མོལ་རྒྱུན་རྣམ་ཅན་དང་ལམ་ལུགས་ཅན་ལ་འཕེལ་བར་འདེགས་སྐྱོར་ནུས་ལྡན་བྱས། ལྟ་སྐུལ་མཛུབ་ཁྲིད་ཚོ་ཆུང་གིས་གྲོས་མོལ་ལས་དོན་དེ་ཐོག་མཐའ་བར་གསུམ་དུ“ཏང་ཨུས་འགོ་ཁྲིད་དང་སྲིད་གཞུང་གིས་རྒྱབ་སྐྱོར། སྲིད་གྲོས་ཀྱིས་གཙོ་ཁྲིད། ཨུ་ཡོན་བྱེད་པོ་བྱེད་པ། ཕྱོགས་ཁག་ཞུགས་པ། མང་ཚོགས་ལ་ཞབས་འདེགས་ཞུ་བ”བཅས་ཀྱི་ལས་ཀའི་བྱེད་ཐབས་ལ་གཞིགས་ནས“དོན་དག་ཡོད་ཚེ་གྲོས་མོལ་བྱེད་པའི”ལས་སྟེགས་དེ་མང་ཚོགས་ཁྲོད་རྩ་བ་བརྟན་པོ་ཚུགས་པར་བྱས།
སུས་གྲོས་སྡུར་བྱེད་པ་དང་གང་གྲོས་སྡུར་བྱེད་པ། གྲོས་སྡུར་ཇི་ལྟར་བྱེད་པ“བཅས་ལ་རྩེ་གཅིག་ཏུ་དམིགས་ནས་སློབ་གསོ་དང་སྨན་བཅོས། ཕྱིར་སྐྱོད། འཐུང་ཆུ་སོགས་དམངས་འཚོའི་དོན་དངོས་ཀྱི་གནད་ལ་རྩེ་གཅིག་ཏུ་དམིགས་པ་དང་།”ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་དུས་སྐབས་ལ་མང་ཚོགས་ཀྱི་རེ་སྒུག་གསར་པ་དང་དགོས་མཁོ་གསར་པར་རང་འགུལ་ངང་སྦྲེལ་མཐུད་བྱས་ཏེ། གྲོས་མོལ་གྱི་གྲོས་དོན་ཐད་འཆར་གཞི་འགོད་པ་དང་མི་སེར་གྱི་འཚོ་བ་དང་འབྲེལ་མཐུད་བྱེད་པ། དམངས་འཚོའི་དོན་དངོས་རེ་རེ་གནད་ལ་འཁེལ་བའི་གྲོས་མོལ་གྱི་གྲུབ་འབྲས་དོན་ཐོག་ཏུ་འཁྱོལ་བར་བརྟེན་ནས་མང་ཚོགས་ཀྱི་ཐོབ་ཚོར་ཆེ་རུ་བཏང་བ་དང་། “གྲོས་མོལ”དེ“ཁེ་ཕན”དུ་བསྒྱུར་ནས་གཞི་རིམ་གྱི་གྲོས་མོལ་ལ་སྔར་བས་དྲོད་ཚད་དང་སྤུས་ཚད། ཕན་འབྲས་ལྡན་པར་བྱས།།
( དཀར་མཛེས་རྫོང་སྲིད་གྲོས་གཞུང་ལས་ཁང་ནས།)
