国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






རང་ཁུལ་གྱིས་ཉེན་རྟོག་ལས་དོན་དང་མཉམ་དུ་དབྱར་རྩྭ་དགུན་འབུ་རྐོ་བའི་དུས་ཚིགས་ཀྱི་བདེ་འཇགས་བསྲུངས།

ས་བབ་མཐོ་བའི་དོ་དམ་ཚོད་འཛིན་ས་ཁུལ་དུ་ཉེན་རྟོག་ལས་དོན་ཁང140ལྷག་བཀོད་སྒྲིག་བྱས་པ་དང་། “ཞབས་ཞུ་ཀུན་ཁེབས་ཀྱི་འགན་ཁུར་བ། ཆ་འཕྲིན་པ། འབུ་རྐོ་དུད་ཚང”བཅས་རིམ་པ་གསུམ་གྱི་མཉམ་འགུལ་མ་ལག་བཙུགས་ནས་མང་ཚོགས་ཁྲི7ལྷག་ལ་ཁྱབ་ཡོད་ཅིང་། སྐད་གཉིས་འདུམ་འགྲིག་རུ་ཁག་བཙུགས་ནས་རྩྭ་ར་དང་མཐའ་མཚམས་སོགས་ཀྱི་འགལ་བ14སེལ་པ་དང་། ཁྱིམ་མཚེས་སྤྱི་བདེ་ལས་ཁུངས་དང་མཉམ་འབྲེལ་འགོག་སྲུང་གི་གྲོས་མཐུན་བཞག་པ། མཉམ་འབྲེལ་སྐོར་ཞིབ་ཐེངས10ལྷག་བྱས་ནས་ས་ཁོངས་ལས་བརྒལ་བའི་བདེ་འཇགས་སྲུང་ཡོལ་བརྟན་པོར་བསྐྲུན། སྤྱི་བདེ་དན་གྲངས་ཆེན་མོའི་ལས་སྟེགས་ལ་བརྟེན་ནས་འབུ་རྐོ་མཁན་གྱི་འགུལ་རྣམ་རྩིས་ཐོ་བཟོས་ཏེ་ཉེན་ཁ་ཆེ་བའི་ས་ཁོངས18ལ་སྔོན་ཚུད་ཉེན་བརྡ་བཏང་བ་དང་། བློ་རིག་བྱང་བུའི་ས་ཚུགས11དང་ཉེན་མེད་བྱང་བུའི་ས་ཚུགས76བཀོད་སྒྲིག་བྱས། མི་མེད་གནམ་གྲུ30ལྷག་སྤྱད་དེ“རྐང་ཐང་དང་རླངས་འཁོར། ནམ་མཁའ་བཅས་ནས་སྐོར་ཞིབ”ཕྱོགས་གསུམ་གཞི་གཅིག་ཅན་གྱི་འགྲོ་ལམ་གྱི་མངོན་མེད་རྐྱེན་ངན་གྲལ་བཤེར་བྱས་ནས་ཉེན་བརྡའི་མཚོན་རྟགས35ཁ་སྣོན་བརྒྱབ་པ་དང་། འགྲིམ་འགྲུལ་ཁྲིམས་འགལ་གྱི་གྱོད་གཞི139ཞིབ་བཤེར་ཐག་གཅོད་བྱས་ནས་འགྲིམ་འགྲུལ་བརྒྱུད་རིམ་ཧྲིལ་པོར་ཞབས་ཞུ་བྱས་ཡོད།

ཉེན་རྟོག་ལས་དོན་ཁང་ལ་བརྟེན་ནས་བཅའ་ཁྲིམས་བློ་འདྲི་དང་འཚུབ་བསྟུན་རོགས་སྐྱོབ་མཁོ་འདོན་བྱས་པ་དང་། འཕྲོད་བསྟེན་སྡེ་ཚན་དང་མཉམ་འགུལ་བྱས་ནས་སྨན་བཅོས་ས་ཚུགས་བཙུགས་ཏེ་ཉེན་ཁ་ཆེ་བའི་གནས་ཚུལ5ཐག་བཅད་པ་དང་། ཁྲོམ་རའི་ལྟ་སྐུལ་དོ་དམ་དང་མཉམ་འབྲེལ་བྱས་ནས་དབྱར་རྩྭ་དགུན་འབུ་ཉོ་ཚོང་ཚད་ལྡན་དུ་བཏང་། ཁྲིམས་འགལ་ཁུངས་སྣེ9གྲལ་བཤེར་བྱས་པ་དང་སྐད་གཉིས་ཁྲིམས་སྐྱོང་དྲིལ་བསྒྲགས་བྱས་ནས་མི་ཁྲི7ལྷག་ལ་ཁྱབ་ཅིང་། དཔྱད་གཞིའི་ཡིག་རིགས་ཁྲི2སྤྲད། བློ་འདྲི་དོན་ཚན1000ལྷག་ལ་ལན་བཏབ། མང་ཚོགས་ཀྱིས་ཁྲིམས་ལྟར་འབུ་རྐོ་བ་དང་སྒྲིག་སྲོལ་དང་མཐུན་པའི་ཉོ་ཚོང་བྱེད་པར་ཁྲིད་སྟོན་བྱས་ཡོད།།

( ཀུན་དགས་བྲིས།)