( པར་ངོས་དང་པོར་མཐུད།)
ཚོགས་འདུར། ཉེ་བའི་ལོ་ཤས་རིང་རང་ཁུལ་གྱིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ལས་ཀའི་བླང་བྱ་ལག་ལེན་བསྟར་ནས་རྒྱལ་ཁབ་རིམ་པའི་ནོར་གནག་ཐོན་ལས་ཁྱུ་ཚོགས་འཛུགས་སྐྱོང་ལ་ཁྱོན་ཡོངས་ནས་བསྐུལ་བ་དང་། གསེར་རྟ་དང་སེར་ཤུལ། ལི་ཐང་བཅས་རྫོང་གསུམ་གྱིས་རྒྱལ་ཁབ་ཀྱི་རྩྭ་ཐང་འབྲོག་ལས་ཕྱོགས་སྒྱུར་རིམ་སྤོར་ཚོད་ལྟ་བྱ་རྒྱུར་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་བ་དང་། ཞིང་ཆེན་དང་ཁུལ་རིམ་པའི་ནོར་གནག་ཐོན་ལས་གླིང་ཁག་གཅིག་བསྐྲུན་ནས་ཁུལ་རིམ་པ་ཡན་གྱི་སྣེ་ཁྲིད་ཁེ་ལས་གསོ་སྐྱོང་དང་། གནས་མཆོག་དཀར་མཛེས་དང་ལྷ་གཡག་དཀར་མཛེས་སྤུས་རྟགས་གཉིས་ལྡན་གྱི་འཐབ་ཇུས་རྒྱུན་མཐུད། སྣེ་ཁྲིད་ཐོན་ལས་དང་ཐོན་ལས་ཅན་གྱི་གཉེར་སྐྱོང་བྱེད་སྟངས་ཀྱིས་ཞིང་འབྲོག་མང་ཚོགས་ཀྱི་ཡོང་འབབ་འཕར་རྒྱུར་སྐུལ་ཁྲིད་ནུས་ལྡན་བྱས་ཤིང་ཁུལ་ཡོངས་ཀྱི་ནོར་གནག་ཐོན་ལས་འཕེལ་རྒྱས་ཀྱི་རྨང་གཞི་དང་གསོ་ཚགས་ཚད་ལྡན་ཅན་འགྱུར་བའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོར་འདེགས་ཡོང་ནས་ཕྱོགས་བསྡུས་ཁེ་ཕན་བརྟན་པོར་གོང་འཕེལ་བྱུང་ཡོད། ཡིན་ན་ཡང་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བའི་བླང་བྱར་གཞིགས་ན། རྨང་གཞིའི་སྒྲིག་བཀོད་ཞན་པ་དང་ཚན་རིག་དང་མཐུན་པའི་གསོ་སྤེལ་ལག་རྩལ་ཁྱབ་གདལ་བེད་སྤྱོད་བྱེད་ཚད་མི་འདང་བ། ཐོན་ལས་འབྲེལ་ཐག་རྒྱ་སྐྱེད་མི་འདང་བ་སོགས་ཀྱི་ཞན་ཆ་སྔར་བཞིན་གནས་ཡོད།
ས་གནས་ཁག་དང་སྡེ་ཚན་ཁག་གིས་ཡུལ་སྡེ་དར་རྒྱས་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བ་དང་ཞིང་ལས་དང་ཞིང་སྡེ་དེང་རབས་ཅན་དུ་འགྱུར་བར་སྐུལ་བའི་མཐོ་ཚད་ཐོག་ནས་ནོར་གནག་ཐོན་ལས་དེ་རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི་འཕེལ་རྒྱས་ཁྲོད་དངོས་འབྲེལ་བཞག་ནས་འཆར་འགོད་དང་ཇུས་བཀོད། སྐུལ་འདེད་བཅས་བྱ་དགོས་ཞེས་བསྟན། ཚོགས་འདུར་གནག་ཕྱུགས་ཐོན་ལས་དེ་རང་ཁུལ་གྱི་མཐོ་སྒང་གི་ཁྱད་ཆོས་ཞིང་འབྲོག་ལས་ཀྱི་སྲོག་ཤིང་ཡིན་པའི་གནས་འཁེལ་ཁོང་དུ་ཆུད་པར་བྱས་ནས། གནག་ཕྱུགས་ཐོན་ལས་འཕེལ་རྒྱས་གཏོང་བའི་ཡིད་ཆེས་དང་ཆོད་སེམས་སྔར་བས་བརྟན་དུ་བཏང་ནས་ཐོན་ཁུངས་ཕུན་སུམ་ཚོགས་པོ་བེད་སྤྱོད་ཡག་པོ་བྱས་ནས་སྲིད་ཇུས་དང་མ་དངུལ་གྱི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། རྒྱུན་མཐུད་ངང་སྤུས་ལེགས་ཐོན་རྫས་བཟོས་པ་དང་སྤུས་རྟགས་ཇེ་གྲགས་སུ་གཏོང་བ། ཁེ་ལས་སྟོབས་ཆེ་རུ་གཏོང་བ་བཅས་བྱས་ཏེ་དཀར་མཛེས་ཁུལ་གྱི་གནག་ཕྱུགས་ཐོན་ལས་དེ་མཐོ་སྒང་གི་ཁྱད་ཆོས་ཞིང་འབྲོག་ཐོན་ལས་ཀྱི་ཚད་ཤིང་ཞིག་ཏུ་ཧུར་གཏོད་དགོས་ཞེས་ནན་གསུངས་གནང་བ་རེད།ཁུལ་གྱི་འབྲེལ་ཡོད་མགོ་ཁྲིད་དང་ཁུལ་རིམ་པའི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་ཚོགས་འདུར་ཞུགས་ཡོད།།
( ལྷ་འཛོམས་དང་སྐལ་བཟང་གཉིས་ཀྱིས་བསྒྱུར།)
