( པར་ངོས་དང་པོར་མཐུད།)གླིང་ཁུལ་གྱི་ཡིག་ཚགས་རིམ་སྤོར། གསར་དར་ཐོན་ལས་བཀོད་སྒྲིག། ཁྱད་ཆོས་ཞིང་འབྲོག་ཐོན་ལས་འཛུགས་སྐྲུན་སོགས་ཀྱི་ཐད་རྒྱབ་སྐྱོར་དེ་བས་མང་བ་བྱས་ཏེ། དཀར་མཛེས་ཁུལ་གྱིས་ཞན་ཆར་ཁ་གསབ་པ་དང་ཐོན་ལས་འཁོར་སྐྱོར་གཙོ་བོ་སྟོབས་ཆེན་གཏང་རྒྱུར་རོགས་རམ་བྱས་ནས་ཐོན་ལས་སྤྱི་ཡོངས་ཀྱི་འགྲན་རྩོད་ནུས་པ་ཆེ་རུ་གཏང་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།
ཡན་ཝུའེ་ཏུང་གིས་ཀྲའོ་པོ་དང་བཅས་པར་དགའ་བསུ་ཞུས་པ་དང་འབྲེལ་དཀར་མཛེས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་དུས་ཡུན་རིང་པོའི་ནང་དཔལ་འབྱོར་དང་ཆ་འཕྲིན་ཅན་ཐིང་གི་ལས་དོན་ལ་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ་རེད། ཁོང་གིས་དཔལ་འབྱོར་དང་ཆ་འཕྲིན་ཅན་ཐིང་གིས་སྤྱོད་མཁན་གྱི་བསམ་གཞིགས་དང་ཁྱོན་ཡོངས་ཀྱི་འདུ་ཤེས་བརྟན་པོ་བཙུགས་ཏེ། རང་རྟོགས་ངང་གྲོང་ཁྱེར(ཁུལ)དང་མཉམ་དུ་བསྡམས་ནས་གྲོང་ཁྱེར(ཁུལ)གྱི་ཟུར་ཚད་ཐོག་ནས་ལས་དོན་ལ་བསམ་གཞིགས་དང་། ལམ་སྲོལ་ལེགས་གཏོང་དང་ཞབས་ཞུ་ལེགས་སུ་བཏང་སྟེ་རང་ངོས་ཀྱི་འགན་ནུས་དང་འགན་འཁྲིར་གཞི་ཚུགས་ནས་ཁེ་ལས་སྐྱེད་སྲིང་དང་། གླིང་ཁུལ་འཛུགས་སྐྲུན། ཁྱད་ཆོས་ལེགས་ཆའི་ཐོན་ལས་འཕེལ་རྒྱས་སོགས་ཀྱི་ཐད་ཞབས་ཞུ་དང་རྒྱབ་སྐྱོར་དེ་བས་མང་བ་བྱས་ཏེ། ས་གནས་དང་ཁེ་ལས་ཀྱི་དངོས་ཡོད་གནད་དོན་ཐག་གཅོད་དང་ས་གནས་དང་མཉམ་དུ་ཆུ་དང་རླུང་། འོད་བཅས་ཀྱི་འབྱུང་འཕྲོད་ནུས་ཁུངས་ལེགས་ཆ་དེ་ཐོན་ལས་ཀྱི་ལེགས་ཆ་དང་། དཔལ་འབྱོར་གྱི་ལེགས་ཆ། འཕེལ་རྒྱས་ཀྱི་ལེགས་ཆ་བཅས་སུ་མགྱོགས་མྱུར་འགྱུར་རྒྱུར་ཐུན་མོང་ཐོག་བསྐུལ་ནས། དཀར་མཛེས་ཁུལ་གྱི་བཟོ་ལས་དཔལ་འབྱོར་གྱི་སྤུས་ཚད་དང་ཕན་འབྲས་མཐོ་རུ་གཏང་རྒྱུར་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཞེས་བཤད་བ་རེད།།
( བདེ་སྐྱིད་དང་སྐལ་བཟང་གཉིས་ཀྱིས་སབསྒྱུར།)
