ལྔ་རིག་ཤེས་བྱའི་མེ་ཏོག་འཁྲུངས་པའི་ཞིང་།།
ཟིལ་མངར་དྲི་ཞིམ་འདོད་དགུ་འབྱུང་བའི་གནས།།
དཔྱོད་ལྡན་བུང་བ་གཞོན་ནུ་རྩེན་པའི་ཡུལ།།
མི་ཚེའི་མདུན་ལམ་གསར་པའི་འབྱུང་གནས་ཆེ།།
དགེ་རྒན།
ལྷག་བསམ་ཞལ་གྱི་ཉ་གང་འཛུམ་འོད་ཀྱིས།།
བློ་རིག་ཀུ་མུད་འདབ་བརྒྱ་འབྱེད་མཁས་པ།།
དུས་ཀྱི་ལམ་སྟོན་གསལ་བའི་སྒྲོན་མེ་མཆོག།
གཟིམ་མེད་སྐལ་ལྡན་སྤྱི་བོར་རྟག་ཏུ་རྒྱལ།།
སློབ་མ།
མི་རིགས་དར་རྒུད་སྐད་དང་ཡི་གེར་རག།
སྐད་ཡིག་རྒྱུད་འཛིན་གསར་སྐྱེས་སློབ་མར་རག།
སློབ་མའི་དད་བརྩོན་ཆུ་བོའི་རྒྱུན་རིང་ན།།
དུས་རབས་གསར་པའི་འཛུམ་མདངས་སྔར་ལས་མཛེས།།
དཔེ་ཆ།
ཕུལ་བྱུང་བསམ་པའི་དཔལ་ཡོན་འབྱུང་བའི་གནས།།
མཁས་རྣམས་མཁྱེན་དཔྱོད་རྩལ་གྱིས་བསྐྲུན་པའི་གཟུགས།།
སྐལ་ལྡན་མིག་དག་དོན་ཡོད་བྱེད་པའི་མཆོག།
ལེགས་བཤད་དཔེ་ཆ་འདི་ལས་གཞན་ཅི་ཞིག།
༼ ཨ་བཙུན་གཡུང་དྲུང་བཀྲ་ཤིས། ༽
སློབ་གྲྭ།
