国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






དྲུག་གཅིག་བྱིས་པའི་ དུས་ཆེན་བསུ་ཚིག་ མེ་ཏོག་ཆུན་པོ།

ཟིམ་ཟིམ་ཆར་གྱིས་རི་གྲོང་ཞལ་རས་འཁྲུད།།

ལྡེམ་ལྡེམ་དཀར་དམར་མེ་ཏོག་གོང་བུ་དགོད།།

མཛེས་མཛེས་དཔྱིད་ཀྱི་དཔལ་གཡང་འཛུམ་པའི་ཀློང་།།

ཆུང་ཆུང་བྱིས་པའི་དྲུག་གཅིག་དུས་ཆེན་བསུ།།

ལུས་ལ་མཛེས་པའི་རྒྱན་བཟང་སྣ་ཚོགས་སྒྲོན།།

ངག་ནས་སྙན་པའི་གླུ་དབྱངས་སྣ་ཚོགས་ལེན།།

ཡིད་ལ་སྐྱིད་པའི་བྲོ་གར་སྣ་ཚོགས་འཁྲབ།།

ཆུང་ཆུང་བྱིས་པའི་དྲུག་གཅིག་དུས་ཆེན་ཡག།

ཡིད་འོང་ཞལ་རས་མཛེས་འཛུམ་མེ་ཏོག་འཁྲུངས།།

དབྱངས་གསལ་སོ་བཞིའི་དབྱངས་རྟ་ངག་ནས་གྱེར།།

ཤེས་རིག་བདུད་རྩི་རོལ་བའི་བྱིས་པ་དག།

དྲུག་གཅིག་དུས་ཆེན་དགའ་བདེས་ཁེངས་པར་ཤོག།

ཤེས་ལྡན་ལེགས་བཤད་སྦྲང་ཆར་ཟིམ་མའི་འོག།

ལང་ཚོའི་མེ་ཏོག་དལ་གྱིས་བཞད་པ་ཡི།།

ཉམས་དགའ་སློབ་གླིང་འགྲིམས་པའི་བྱིས་པ་ཚོ།།

རེ་བའི་འབྲས་བཟང་སྨིན་པའི་ཁ་གཡང་འབོད།།

ཡོན་ཏན་ངོམས་པ་མེད་པར་མདུན་དུ་སྐྱོད།།

བརྩོན་འགྲུས་ལྷོད་པ་མེད་པའི་ཆུ་མོ་བཞུད།།

དཔེ་ཁུག་རྒྱབ་ལ་ཁུར་བའི་བྱིས་པ་ཚོ།།

རྗེ་བཙུན་བརྟན་པའི་འཁོར་ལོས་ཤེས་རབ་སྩོལད།།

ཤེས་རིག་མེ་ཏོག་འཛུམ་པའི་དགའ་ཚལ་ཀློང་།།

རྣམ་དཔྱོད་རིག་པའི་གཤོག་ཟུང་རྒྱང་རིང་རྐྱོང་།།

མ་འོངས་ལེགས་ལམ་འཚོལ་བའི་བྱིས་པ་དག།

བསམ་བའི་དོན་ཀུན་འགྲུབ་པའི་བཀྲ་ཤིས་ཤོག།

༼ རྐང་ལམ་དཀར་པོ། ༽