国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






བྱིས་པ་ཚོ།

ཞོགས་པར་དེར།

ཉི་འོད་ཀྱི་ཟེར་མ་འཕྲོས་བྱུང་།

དྭངས་གཙང་གི་མཁའ་དབུགས་དེའང་སྔར་ལས་ཡག་སོང་།

བྱ་ཚོགས་ཀྱི་སྐད་ངག་ཀྱང་སྔར་ལས་སྙན་སོང་།

མདོར་ན། བྱིས་པ་ཚོས།

ལང་ཚོའི་སྨྱུག་ཁར་མེ་ཏོག་གི་ཆར་པ་ག་ལེར་ཐོར་སོང་།

མ་འོངས་པའི་རེ་བཞག་ལ་དན་རྟགས་

གསལ་པོ་ཞིག་བྲིས་སོང་།

མི་རིགས་ལ་བརྩེ་དུང་གཙང་མ་ཞིག་

འཆང་གིན་འཚར་ལོངས་བྱུང་སོང་།

གང་ལྟར།

ཁྱེད་ཚོ་ནི་ཁོ་བོའི་མི་ཚེ་ནང་གི་ཆེས་མེད་དུ་

མི་རུང་བའི་གཅེས་ཕྲུག་དག་ཡིན།

མི་རབས་རྗེས་མའི་ཐ་སྙད་དག་སྐྱོ་ངལ་གྱི་

འོབས་སུ་ལྷུང་དུས།

ཁྱེད་ཅག་གིས་མི་སྐྱོབ་སུ་ཡིས་སྐྱོབ་ཨང་།

མཚན་མོ་འདིར།

སྙིང་ཉེ་བ་དག་གཉིད་ཀྱི་གཏིང་ལ་ཞུགས་སོང་།

ངས། རྒྱང་རིང་གི་ཕྱེ་ལེབ་དག་ལ་མི་ཚེའི་

དབྱངས་རྟ་ཞིག་དཀྲོལ་བར་བྲེལ།

༼ རྒྱ་ཚང་སྨོན་ལམ། ༽

དྲུག་གཅིག་བྱིས་པའི་དུས་ཆེན་ལ་ཕུལ་བ།