国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






བོད་ལྗོངས་ས་གནས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་བོད་ལྗོངས་ཞི་བས་བཅིངས་འགྲོལ་བཏང་ནས་ལོ75འཁོར་བར་རྟེན་འབྲེལ་ཞུས།

སྤྱི་ཟླ5པའི་ཚེས23ཉིན། བོད་ལྗོངས་ཞི་བས་བཅིངས་འགྲོལ་བཏང་ནས་ལོ75འཁོར་བའི་དྲན་གསོའི་ཉིན་མོ་བསུ་བ་དང་། མི་རིགས་ཁག་གི་མང་ཚོགས་ཀྱིས་གླུ་གར་འཁྲབ་སྟོན་གྱིས་དུས་རབས་གསར་པའི་བདེ་སྐྱིད་འཚོ་བར་བསྟོད་བསྔགས་བྱས་པ་རེད།

བོད་ལྗོངས་ཆབ་མདོ་གྲོང་ཁྱེར་ཇ་རྟ་ཐང་ཆེན་དུ་པར་བླངས་པའི་བོད་ལྗོངས་ཞི་བས་བཅིངས་འགྲོལ་བཏང་ནས་ལོ75འཁོར་བར་རྟེན་འབྲེལ་ཞུ་བའི་མང་ཚོགས་རང་བཞིན་གྱི་རིག་རྩལ་མཉམ་འཁྲབ་ཀྱི་ཡུལ་དངོས།

ལྷ་ས་གྲོང་ཁྱེར་རྫོང་རྒྱབ་ཀླུ་ཁང་དུ་པར་བླངས་པའི་ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙིང་དོན་ལྷ་སའི་དུད་ཁྱིམ་ཁྲི་སྟོང་མང་པོར་ཁྱབ་ཅེས་པའི་ཟླ་རེའི་སྒྲོག་འགྲེལ་དང་བོད་ལྗོངས་ཞི་བས་བཅིངས་འགྲོལ་བཏང་ནས་ལོ75འཁོར་བར་སྤྲོ་སེམས་འཁོལ་བས་རྟེན་འབྲེལ་ཞུ་བའི་བྱེད་སྒོའི་ཡུལ་དངོས།