ཉེ་ཆར། ནོར་སྲིད་པུའུ་ཡིས་དན་གྲངས་ལས་མངོན་པར། ད་ལོའི་ཟླ་བ་སྔོན་མ4ཡི་ནང་རྒྱལ་ཡོངས་ཀྱི་སྤྱིར་བཏང་སྤྱི་པའི་སྔོན་རྩིས་ཀྱི་ཡོང་འབབ་སྒོར་དུང་ཕྱུར83404ལ་ཟིན་པ་དང་ན་ལོའི་དུས་མཉམ་ལས་བརྒྱ་ཆ3.5འཕར་ཡོད་པ་རེད། འཕར་ཚད་དུས་ཚིགས་དང་པོ་ལས་བརྒྱ་ཆའི་གྲངས1.1མཐོ་རུ་བཏང་ནས་ཡོང་འབབ་བརྟན་དུ་ཕྱིན་ནས་ལེགས་ཕྱོགས་སུ་འགྲོ་བཞིན་ཡོད་པ་རེད།དེའི་ནང་རྒྱལ་ཡོངས་དཔྱ་ཁྲལ་གྱི་ཡོང་འབབ་སྒོར་དུང་ཕྱུར68097ལ་ཟིན་པ་དང་ན་ལོའི་དུས་མཉམ་ལས་བརྒྱ་ཆ3.9འཕར། དཔྱ་ཁྲལ་མིན་པའི་ཡོང་འབབ་སྒོར་དུང་ཕྱུར15307ལ་ཟིན་པ་དང་དུས་མཉམ་ལས་བརྒྱ་ཆ1.6འཕར་ཡོད། ཀྲུང་དབྱང་དང་ས་གནས་དབྱེ་བ་ཕྱེ་ནས་བལྟས་ན། ཀྲུང་དབྱང་གི་སྤྱིར་བཏང་སྤྱི་པའི་སྔོན་རྩིས་ཀྱི་ཡོང་འབབ་སྒོར་དུང་ཕྱུར35474ལ་ཟིན་པ་དང་ན་ལོའི་དུས་མཉམ་ལས་བརྒྱ་ཆ4.6འཕར་ཡོད། ས་གནས་ཀྱི་སྤྱིར་བཏང་སྤྱི་པའི་སྔོན་རྩིས་རིམ་པའི་ཡོང་འབབ་སྒོར་དུང་ཕྱུར47930ལ་ཟིན་པ་དང་ན་ལོའི་དུས་མཉམ་ལས་བརྒྱ་ཆ2.7འཕར་ཡོད།
འགྲོ་གྲོན་ཐད་ད་ལོའི་ཟླ་བ་སྔོན་མ4ལ་རྒྱལ་ཡོངས་ཀྱི་སྤྱིར་བཏང་སྤྱི་པའི་སྔོན་རྩིས་འགྲོ་གྲོན་སྒོར་དུང་ཕྱུར94809བཏང་བ་དང་ན་ལོའི་དུས་མཉམ་ལས་བརྒྱ་ཆ1.3འཕར་ཡོད། ཀྲུང་དབྱང་དང་ས་གནས་དབྱེ་བ་ཕྱེ་ནས་བལྟས་ན། ཀྲུང་དབྱང་གི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་རིམ་པའི་འགྲོ་གྲོན་སྒོར་དུང་ཕྱུར12910བཏང་བ་དང་ན་ལོའི་དུས་མཉམ་ལས་བརྒྱ་ཆ5.1འཕར། ས་གནས་ཀྱི་སྤྱིར་བཏང་སྤྱི་པའི་སྔོན་རྩིས་འགྲོ་གྲོན་སྒོར་དུང་ཕྱུར81899བཏང་བ་དང་ན་ལོའི་དུས་མཉམ་ལས་བརྒྱ་ཆ0.7འཕར་ཡོད།
རྒྱལ་ཡོངས་སྲིད་གཞུང་རང་བཞིན་གྱི་ཐེབས་རྩ་སྔོན་རྩིས་གཏོང་ཡོང་ཐད་ད་ལོའི་སྔོན་གྱི་ཟླ་བ4ལ་རྒྱལ་ཡོངས་ཀྱི་སྲིད་གཞུང་རང་བཞིན་གྱི་ཐེབས་རྩ་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར10208ལ་ཟིན་པ་དང་ན་ལོའི་དུས་མཉམ་ལས་བརྒྱ་ཆ18.9ཆག་པ་དང་། རྒྱལ་ཡོངས་ཀྱི་སྲིད་གཞུང་རང་བཞིན་གྱི་ཐེབས་རྩ་སྔོན་རྩིས་འགྲོ་གྲོན་སྒོར་དུང་ཕྱུར25431ལ་ཟིན་པ་དང་ན་ལོའི་དུས་མཉམ་ལས་བརྒྱ་ཆ2.7ཆག་ཡོད།།( བདེ་ཆེན་གྱིས་བསྒྱུར།)
