国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཟླ་བ་སྔོན་མ4ཡི་ནང་རྒྱལ་ཡོངས་ལྕགས་ལམ་དུ་ཟོང་འདྲེན་ བྱེད་ཚད་ཏུན་དུང་ཕྱུར17ལས་བརྒལ།

ཉེ་ཆར། རྒྱལ་ཁབ་ལྕགས་ལམ་ཅུས་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ད་ལོའི་ཟླ་བ་སྔོན་མ4ཡི་ནང་རྒྱལ་ཡོངས་ལྕགས་ལམ་དུ་རིམ་རྩིས་བྱས་ན་ཟོང་འདྲེན་བྱེད་ཚད་ཏུན་དུང་ཕྱུར17.27ལ་ཟིན་ཞིང་། ན་ལོའི་དུས་མཉམ་ལས་བརྒྱ་ཆ2.8འཕར། དངོས་ཟོང་འཁོར་རྒྱུག་བྱེད་ཚད་སྤྱི་ལེ་ཏུན་དུང་ཕྱུར12274.27ཟིན་ནས་ན་ལོའི་དུས་མཉམ་ལས་བརྒྱ་ཆ5.4འཕར་ཡོད།

རིགས་དབྱེ་ནས་སྐྱེལ་འདྲེན་གནས་ཚུལ་ལ་བལྟས་ན། ཟླ་བ་སྔོན་མ4ཡི་ནང་རྒྱལ་ཡོངས་ལྕགས་ལམ་དུ་རིམ་རྩིས་བྱས་ན་རྡོ་སོལ་ཏུན་དུང་ཕྱུར9.2ལ་ཟིན་པ་དང་དོས་སྒམ་ཏུན་དུང་ཕྱུར3.49། རྫས་ལུད་དང་ཞིང་སྨན་ཏུན་ཁྲི2115བཅས་སྐྱེལ་འདྲེན་བྱས་ནས་ན་ལོའི་དུས་མཉམ་ལས་བརྒྱ་ཆ3.4དང་བརྒྱ་ཆ9.1། བརྒྱ་ཆ14.6འཕར། གཙོ་གནད་དངོས་རྫས་སྐྱེལ་འདྲེན་འགན་ལེན་ནུས་ལྡན་བྱས་པ་རེད།

འགྲུལ་སྐྱེལ་ཐད། ཟླ་བ་སྔོན་མ4ཡི་ནང་རྒྱལ་ཡོངས་ཀྱི་ལྕགས་ལམ་དུ་རིམ་རྩིས་བྱས་ན་འགྲུལ་པ་བསུ་སྐྱེལ་བྱེད་ཚད་དུང་ཕྱུར15.55ལ་ཟིན་ཞིང་། ན་ལོའི་དུས་མཉམ་ལས་བརྒྱ་ཆ6.8འཕར། འགྲུལ་པ་འཁོར་རྒྱུག་བྱེད་ཚད་སྤྱི་ལེ་དུང་ཕྱུར5573.52ཟིན་ནས་ན་ལོའི་དུས་མཉམ་ལས་བརྒྱ་ཆ4.7འཕར་ཡོད།

གཏན་འཇགས་རྒྱུ་ནོར་གྱི་མ་དངུལ་ཐད་ཟླ་བ་སྔོན་མ4ཡི་ནང་རྒྱལ་ཡོངས་ཀྱི་ལྕགས་ལམ་གཏན་འཇགས་རྒྱུ་ནོར་གྱི་མ་དངུལ་སྒོར་དུང་ཕྱུར2008བཏང་བ་དང་ན་ལོའི་དུས་མཉམ་ལས་བརྒྱ་ཆ3.2འཕར་ཡོད།

རྒྱལ་ཁབ་ལྕགས་ལམ་ཅུས་ཀྱི་འབྲེལ་ཡོད་འགན་ཁུར་བས་ཟླ་བ་སྔོན་མ4ལ་རྒྱལ་ཡོངས་ལྕགས་ལམ་གྱི་འགྲུལ་པ་དང་ཟོང་འདྲེན་བྱེད་ཚད་རྒྱུན་འཁྱོངས་ཏེ། ལྕགས་ལམ་བསྐྲུན་པའི་སྤུས་ལེགས་ལ་བསྐུལ་ཏེ་རྒྱལ་ཁབ་ཀྱི་འཐབ་ཇུས་གལ་ཆེན་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་ནུས་ལྡན་གྱི་ཞབས་འདེགས་ཞུས་ཡོད་ཅེས་བཤད་པ་རེད།།

( བདེ་ཆེན་གྱིས་བསྒྱུར།)