ཕྱི་ཕྱོགས་ལ་སྒོ་འབྱེད་པའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་སི་ཁྲོན་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་རབ་དང་རིམ་པའི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བསྟར་བ་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཆུ་ཚད་མཐོན་པོའི་ཕྱི་ཕྱོགས་ལ་སྒོ་འབྱེད་རྒྱ་ཆེ་རུ་གཏང་རྒྱུའི་བཀོད་སྒྲིག་བླང་བྱ་ཁྱོན་ཡོངས་ནས་ལག་ལེན་བྱ་ཆེད། ས་གནས་དེ་གའི་དུས་ཚོད་སྤྱི་ཟླ5པའི་ཚེས26ནས29ཉིན་བར། ཁུལ་ཨུའི་ཧྲུའུ་ཅི་ཀྲའོ་པོ་ཡིས་དཀར་མཛེས་ཁུལ་གྱི་འཐུས་ཚབ་ཚོགས་པའི་སྣེ་ཁྲིད་དེ་འཇར་མན་དུ་འཚམས་འདྲི་གནང་བར་མ་ཟད་དཔལ་འབྱོར་ཉོ་ཚོང་དང་མིའི་རིག་གནས་ཐད་སྤེལ་རེས་དང་། དངོས་གཉེར་མཉམ་ལས་ཟབ་སྤེལ་གྱི་བྱེད་སྒོ་སྤེལ་ནས་མཛའ་མཐུན་འགྲོ་འོང་ཇེ་མང་དང་ཆུ་ཚད་མཐོན་པོའི་སྒོ་འབྱེད་ལ་བརྟེན་ནས་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བར་བསྐུལ་བ་རེད།
སྤྱི་ཟླ5པའི་ཚེས27ཉིན། གནས་མཆོག་དཀར་མཛེས་ཁུལ་འཇར་མན་དུ་བསྒྲགས་ཞེས་པའི་ཀྲུང་གོ་སི་ཁྲོན་དཀར་མཛེས་ཁུལ་གྱི་ཁྱད་འཕགས་ཐོན་ཁུངས་འོས་སྦྱོར་ཚོགས་འདུ་ཏུའུ་སའེ་ཏོ་ཧྥུ་རུ་འཚོགས་ཤིང་། ཀྲའོ་པོ་ཡིས་ཤིས་ཚིག་ཏུ་དཀར་མཛེས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཚབ་མཛད་ནས་ཐེངས་འདིའི་བྱེད་སྒོར་ཞུགས་མཁན་སྐུ་མགྲོན་རྣམ་པར་དགའ་བསུ་ཞུས་པ་དང་། དུས་ཡུན་རིང་པོར་ཀྲུང་གོ་དང་འཇར་མན་མཛའ་གྲོགས་ཟབ་མོ་དང་དཀར་མཛེས་འཕེལ་རྒྱས་ལ་སེམས་ཁུར་དང་རྒྱབ་སྐྱོར་བྱེད་མཁན་ལས་རིགས་ཁག་གི་གྲོགས་པོ་ཚོར་ཐུགས་རྗེ་ཆེ་ཞུས་པ་རེད། ཁོང་གིས་ཀྲུང་གོ་དང་འཇར་མན་རྒྱལ་ཁབ་གཉིས་པོས་རི་མཚོ་བརྒལ་བ་དང་ལག་གདང་སྦྲེལ་ནས་མདུན་དུ་བསྐྱོད་དེ་སྦག་མེད་ནུས་རྒྱུ་དང་། རིག་གནས་ཡུལ་སྐོར། མིས་བཟོས་རིག་སྟོབས་སོགས་ཁྱབ་ཁོངས་མང་པོར་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་པ་དང་མཛའ་བརྩེ་ཟབ་མོ་ཆགས་ནས་རྒྱལ་ཁབ་ཆེན་པོས་ཕན་ཚུན་བརྩི་འཇོག་དང་གཉིས་ཁེ་མཉམ་ཕན་གྱི་དཔེ་མཚོན་ཞིག་ཏུ་གྱུར་ཡོད།( པར་ངོས་གཉིས་པར་གཟིགས། )
