ཉེ་ཆར། གསར་འགོད་པས་ཁུལ་བསྡོམས་རྩིས་ཅུས་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ད་ལོའི་ཟླ་བ་སྔོན་མ4ཡི་ནང་ཁུལ་ཡོངས་ཀྱི་དཔལ་འབྱོར་འཁོར་སྐྱོད་ཀྱི་གནས་བབ་བཟང་བ་དང་། སྤྱི་ཚོགས་འཛད་རྫས་སིལ་ཚོང་བསྡོམས་འབོར་དང་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་འཇོག་པའི་དམིགས་ཚད་གཙོ་བོ་གཉིས་ཀྱི་འཕར་ཚད་ཚང་མ་ཞིང་ཆེན་ཡོངས་ཀྱི་ཨང་དང་པོར་སླེབས་ནས། འཕེལ་རྒྱས་ཀྱི་གསོན་ཤུགས་དང་བསྟུན་ཤུགས་ཆེན་པོ་མངོན་ཏེ་ཁུལ་ཡོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བར་རྨང་གཞི་བརྟན་པོ་བཏིང་ཡོད་པ་རེད།
འཛད་སྤྱོད་ཁྲོམ་ར་མུ་མཐུད་ཇེ་ཡག་དུ་ཕྱིན་ནས་སྤྱི་ཚོགས་འཛད་རྫས་སིལ་འཚོང་བསྡོམས་འབོར་འཕར་ཚད་ཞིང་ཆེན་ཡོངས་ཀྱི་ཨང་དང་པོར་སླེབས། རང་ཁུལ་གྱིས་ཐབས་མང་མཉམ་དུ་སྤྱད་ནས་འཛད་སྤྱོད་ཀྱི་གསོན་ཤུགས་འཕེལ་བར་བྱས་ཏེ། གྲོང་རྡལ་གྱིས་ཡུལ་སྡེ་རྒྱ་ཆེར་གཏོང་བར་སྐུལ་ཁྲིད་དང་ཚོང་ཟོག་དང་བཟའ་བཏུང་གཉིས་སྐུལ་གྱི་འཛད་སྤྱོད་བྱེད་སྟངས་ཆགས་ཡོད། ཟླ་བ་སྔོན་མ4ཡི་ནང་དུ་ཁུལ་ཡོངས་སུ་སྤྱི་ཚོགས་འཛད་རྫས་སིལ་འཚོང་བསྡོམས་འབོར་སྒོར་དུང་ཕྱུར45.48མངོན་འགྱུར་བྱུང་བ་དེ་ན་ལོའི་དུས་མཉམ་ལས་བརྒྱ་ཆ7.5འཕར་བ་དང་། འཕར་ཚད་ཞིང་ཆེན་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད། དེའི་ནང་གྲོང་རྡལ་གྱི་འཛད་སྤྱོད་ལ་སྐུལ་ཁྲིད་ནུས་ལྡན་ཐུབ་ནས་སིལ་འཚོང་དངུལ་འབོར་སྒོར་དུང་ཕྱུར30.21མངོན་འགྱུར་བྱུང་ནས་བརྒྱ་ཆ8.7འཕར་བ་དེ་སྤྱིའི་བསྡུར་གྲངས་ཀྱི་བརྒྱ་ཆ66.4ལ་ཟིན་པ་དང་ཁུལ་ཡོངས་ཀྱི་འཛད་སྤྱོད་ལ་སྐུལ་ཚད་བརྒྱ་ཆའི་གྲངས5.7འཕར་བ་རེད།(པར་ངོས་གཉིས་པར་གཟིགས།)
