国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






( པར་ངོས་དང་པོར་མཐུད།)དཀར་མཛེས་ཁུལ་ནི་ཀྲུང་གོ་གསར་པ་བཙུགས་རྗེས་ཀྱི་ཀྲོན་ཆུས་རིམ་པའི་གྲངས་ཉུང་མི་རིགས་རང་སྐྱོང་ཁུལ་དང་པོ་ཡིན་ཞིང་། སའི་གོ་ལའི་ཐོག་གི་མཛེས་ལྗོངས་འདུས་གནས་ཆེ་ཤོས་དང་སའི་གོ་ལའི་དག་ཞིང་ཆེས་མཐའ་མ་ཞེས་པའི་མཚན་སྙན་ཐོབ་པ་དང་། ཨེ་ཤེ་ཡའི་ཆུ་གློག་བར་ཁྱམས་ཀྱི་གྲུབ་ཆ་གཙོ་བོ་དང་གོ་ལ་ཧྲིལ་པོར་དཀོན་པའི་མཐོ་སྒང་གི་རང་བྱུང་སྐྱེ་ལྡན་ཞིང་འབྲོག་ཐོན་ཁུལ་ཞིག་ཡིན། ད་སྔར། རྒྱུད་གཅིག་ལམ་གཅིག་དང་དུས་རབས་གསར་པའི་ནུབ་རྒྱུད་གསར་སྤེལ་ཆེན་པོ་སོགས་རྒྱལ་ཁབ་ཀྱི་འཐབ་ཇུས་གལ་ཆེན་མང་པོ་དཀར་མཛེས་ཁུལ་དུ་གཅིག་ཐོག་གཅིག་བརྩེགས་བྱུང་ནས་ང་ཚོས་ཕྱི་ཕྱོགས་ལ་སྒོ་འབྱེད་རྒྱ་ཆེ་རུ་གཏོང་བ་དང་། ནུས་ལྡན་ཐོན་ལས་དར་རྒྱས་གཏོང་བར་བརྗིད་རྔམ་ལྡན་པའི་སྒུལ་ནུས་བསགས་ཡོད་པ་དང་། དཀར་མཛེས་ཁུལ་གྱིས་རྒྱལ་ཡོངས་དང་ཞིང་ཆེན་ཡོངས་དང་མཉམ་དུ་འབད་འབུངས་ཡར་བརྩོན་བྱས་ནས“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”རྒྱང་སྐྱོད་ཀྱི་ལམ་བུ་གསར་པ་གཏོད་བཞིན་ཡོད། འཇར་མན་ནི་གོ་ལ་ཧྲིལ་པོའི་སྦག་མེད་ཚན་རྩལ་དང་རྩེར་སོན་བཟོ་སྐྲུན་གྱི་སྣེ་ཁྲིད་པ་ཡིན་ལ། ཕྱོགས་གཉིས་པོའི་ཐོན་ལས་མཐུན་པ་དང་ལེགས་ཆ་གསབ་རེས་བྱས་ཆོག་པས་མཉམ་ལས་ཀྱི་མདུན་ལམ་རྒྱ་ཆེན་པོ་ཡིན་པ་རེད། འཇར་མན་དང་ཁྱབ་ཁོངས་སྔར་ལས་མང་བ་དང་རིམ་པ་སྔར་ལས་ཟབ་པ། བར་སྟོང་སྔར་ལས་ཆེ་བ་བཅས་ཀྱི་སྒོ་ནས་སྤེལ་རེས་དང་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ལག་གདང་སྦྲེལ་ནས་འཕེལ་རྒྱས་ཀྱི་ཇུས་གཞི་མཉམ་འགོད་དང་གཉིས་ཕན་ཕུགས་རིང་གི་ལེ་ཚན་གསར་པ་བརྩམ་པར་ལྷག་བསམ་རྣམ་དག་གིས་རེ་སྒུག་བྱེད་བཞིན་ཡོད། ལྷག་བསམ་ཟོལ་མེད་ངང་གྲོགས་པོ་རྣམ་པ་དཀར་མཛེས་ཁུལ་དུ་སྤེལ་རེས་འཚམས་འདྲི་དང་མ་འཇོག་ལས་དར་ཡོང་བར་གདན་དྲངས་ཏེ། རི་ཀླུང་བརྒལ་བའི་ཟོལ་མེད་བརྩེ་སེམས་བཅངས་ནས་མཉམ་ལས་གཉིས་ཕན་གྱི་འབྲེལ་ཟམ་ཡག་པོ་འཛུགས་པ་བྱ་དགོས་ཞེས་གསུངས་པ་རེད།

འཇར་མན་དུ་སྡོད་རིང་། དཀར་མཛེས་ཁུལ་གྱི་འབྲེལ་ཡོད་སྡེ་ཚན་དང་འཇར་མན་གྱི་འབྲེལ་ཡོད་ཕྱོགས་ཀྱིས་ཕུགས་ཕན་འབྲེལ་མཐུད་ལམ་སྲོལ་འཛུགས་དང་། རྒྱུན་རྣམ་ཅན་གྱི་དཔལ་འབྱོར་ཚོང་དོན་བཅར་འདྲི་བྱེད་རེས། ལས་གཞི་འབྲེལ་མཐུད། ལག་རྩལ་ཞིབ་གྲོས་སོགས་ལ་མཛའ་མཐུན་གྲོས་མོལ་བྱས་པར་མ་ཟད་ངོས་འཛིན་གཅིག་མཐུན་བྱུང་བ་རེད།།

( བདེ་སྐྱིད་དང་སྐལ་བཟང་གིས་བསྒྱུར།)