རང་རྒྱལ་གྱི《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བདེ་སྲུང་དོ་དམ་ཆད་གཅོད་བཅའ་ཁྲིམས》ཀྱི་དོན་ཚན52པའི་གཏན་འབེབས་ལྟར་ན། གཤམ་གསལ་གྱི་བྱ་སྤྱོད་ལས་རིགས་གཅིག་ཡོད་ན་ཉིན10ནས་ཉིན15ཡི་བཀག་ཉར་གྱི་ཆད་པ་གཅོད་པར་མ་ཟད་སྒོར1000མན་གྱི་དངུལ་ཆད་ཀྱང་གཅད་ངེས། ཉེས་ཚབས་ཅུང་ཆུང་བར་ཉིན5ནས་ཉིན10ཡི་བཀག་ཉར་གྱི་ཆད་པ་གཅོད་པར་མ་ཟད། སྒོར500མན་གྱི་དངུལ་ཆད་ཀྱང་གཅད་ངེས།
གཅིག། རྒྱལ་ཁབ་ལས་ཁུངས་དང་མི་དམངས་ཚོགས་པ། ཁེ་ལས། ལས་དོན་སྡེ་ཁག་བཅས་སམ་རྩ་འཛུགས་གཞན་དག་གི་གཞུང་ཡིག་དང་དཔང་ཡིག། བདེན་དཔང་ཡི་གེ། ཐམ་ག་བཅས་རྫུན་བཟོ་དང་བསྒྱུར་བཟོ། ཉོ་འཚོང་བཅས་བྱས་པའི་རིགས།
གཉིས། རྫུན་བཟོ་དང་བསྒྱུར་བཟོ་བྱས་པའི་རྒྱལ་ཁབ་ལས་ཁུངས་དང་མི་དམངས་ཚོགས་པ། ཁེ་ལས། ལས་དོན་སྡེ་ཁག་བཅས་སམ་རྩ་འཛུགས་གཞན་དག་གི་གཞུང་ཡིག་དང་དཔང་ཡིག། བདེན་དཔང་ཡི་གེ་བཅས་ཉོ་འཚོང་ངམ་བེད་སྤྱོད་བྱས་པའི་རིགས།
གསུམ། མེ་འཁོར་དང་རླངས་འཁོར། གྲུ་གཟིངས། གནམ་གྲུ། རིག་རྩལ་འཁྲབ་སྟོན་སོགས་ཀྱི་སྤ་སེ། ལུས་རྩལ་འགྲན་སྡུར་ལ་ཞུགས་པའི་འཛིན་བྱང་དང་དངོས་དཔང་གཞན་དག་བཅས་རྫུན་བཟོ་དང་བསྒྱུར་བཟོ། བར་འཚོང་བཅས་བྱས་པའི་རིགས།
བཞི། གྲུ་གཟིངས་ཀྱི་ཐོ་འགོད་བྱང་བུ་རྫུན་བཟོ་དང་བསྒྱུར་བཟོ། དེའི་གྲུ་གཟིངས་ཀྱི་ཐོ་འགོད་བྱང་བུ་ཉོ་འཚོང་ངམ་བེད་སྤྱོད་བྱས་པའམ་གྲུ་གཟིངས་སྒུལ་བྱེད་འཕྲུལ་འཁོར་གྱི་ཨང་རྟགས་བསུབ་བཅོས་བྱས་པའི་རིགས་བཅས་ཡིན།།
( ཀུན་དགས་བསྡུས།)
