国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






དམིགས་ཚད་གཙོ་བོ་གཉིས་འཕར་ནས་ཞིང་ཆེན་ཡོངས་ཀྱི་མདུན་གྲལ་དུ་ཚུད།

( པར་ངོས་དང་པོར་མཐུད།)ཡུལ་སྡེའི་ཁྲོམ་ར་བརྟན་པོའི་ངང་རྒྱ་ཆེར་ཕྱིན་ནས་སིལ་ཚོང་དངུལ་འབོར་སྒོར་དུང་ཕྱུར15.27ལ་ཟིན་ནས་བརྒྱ་ཆ5.1འཕར་ཏེ་ཡུལ་སྡེའི་འཛད་སྤྱོད་ཀྱི་མི་མངོན་པའི་སྟོབས་ཤུགས་རྒྱུན་མཐུད་ངང་འདོན་སྤེལ་ཐུབ་ཡོད།རྙིང་ཚབ་གསར་བརྗེའི་སྲིད་ཇུས་དང་འཛད་སྤྱོད་ལ་སྐུལ་བའི་བྱེད་སྒོ་མཉམ་དུ་སྤེལ་ནས་ཕན་ནུས་ཆེ་རུ་བཏང་བས་ཡུལ་མིའི་འཛད་སྤྱོད་འདོད་བློ་བརྟན་པོའི་ངང་ཆེ་རུ་ཕྱིན་ཡོད། ཟླ་བ་གོང་མ4ཡི་ནང་ཚོང་ཟོག་སིལ་ཚོང་སྒོར་དུང་ཕྱུར37.63ལ་ཟིན་ནས་བརྒྱ་ཆ7.8འཕར་བ་དང་། བཟའ་བཏུང་ཡོང་འབབ་སྒོར་དུང་ཕྱུར7.85ལ་ཟིན་ནས་བརྒྱ་ཆ6.2འཕར་ཏེ་འཛད་སྤྱོད་ཁྲོམ་ར་འཁྲུག་ཆ་དོད་པའི་གནས་བབ་རྒྱུན་འཁྱོངས་ཐུབ་ཡོད། དེ་དང་མཉམ་དུ་འཛད་སྤྱོད་ཀྱི་སྤུས་ཚད་སྤར་ཤུགས་ཆེ་བ་དང་། ཟླ་བ་སྔོན་མ4ཡི་ནང་བཅད་གྲངས་ཡན་གྱི་ཚན་པའི་ནང་རླངས་འཁོར་རིགས་དང་། འཕྲིན་གཏོང་ཡོ་བྱད་རིགས། ཁྱིམ་སྤྱོད་གློག་ཆས་དང་སྒྲ་བརྙན་ཡོ་བྱད་རིགས། ཨར་ལས་དང་མཛེས་བཟོའི་རྒྱུ་ཆའི་རིགས་བཅས་ཀྱི་ཚོང་ཟོག་སིལ་འཚོང་བྱས་ཚད་ཚང་མ་འཕར་སྣོན་མགྱོགས་པོ་བྱུང་བ་དང་། རིགས་བཞིའི་བསྡོམས་འབོར་གྱིས་ཁུལ་ཡོངས་ཀྱི་སྤྱི་ཚོགས་འཛད་སྤྱོད་སིལ་འཚོང་ཚད་བརྒྱ་ཆའི་གྲངས་བརྒྱ་ཆ3.4འཕར་བར་བསྐུལ་ཅིང་། འཛད་སྤྱོད་གཞི་རྩའི་འཚོ་ཅན་ནས་སྤུས་ཀ་ཅན་དུ་བསྒྱུར་བ་དང་། “ལོ་ལྔའི་འཆར་འགོད་བཅོ་ལྔ་པ”རིང་གི་འཛད་སྤྱོད་ཤོང་ཚད་རྒྱ་སྐྱེད་དང་སྤུས་ཚད་མཐོར་འདེགས་ལ་རྨང་གཞི་བརྟན་པོ་བཏིང་ཡོད།

མ་འཇོག་འཕར་ཤུགས་ཆེ་བ་དང་གཏན་འཇགས་རྒྱུ་ནོར་གྱི་མ་འཇོག་འཕར་ཚད་ཞིང་ཆེན་ཡོངས་ཀྱི་སྔོན་ལ་སླེབས་ཡོད། ཁུལ་ཡོངས་ཀྱི་གོང་འོག་ཚང་མས་ལས་གཞི་དམ་འཛིན་བྱས་ནས་མ་འཇོག་ལ་བསྐུལ་ཏེ། རྒྱུན་རྣམ་ཅན་གྱི་བཀོད་གཏོང་ལམ་སྲོལ་བཙུགས་པ་དང་འགུལ་རྣམ་ལྟ་ཞིབ་ཚད་ལེན་ལས་གཞིའི་མྱུར་ཚད་དང་། ལས་རིགས་སྡེ་ཚན་གྱིས་མཉམ་སྒྲུབ་མཉམ་འགུལ་བྱས་ནས་དུས་འགོའི་ཞིབ་མཆན་འགོད་པ་དང་རྒྱུ་རྐྱེན་གཙོ་བོའི་འགན་ལེན་སོགས་གནད་ཐུག་ས་ལ་དམ་པོར་དམིགས་ནས་མ་སྐུལ་དང་ལེན་ངང་ཞབས་འདེགས་སྔོན་ལ་ཞུས་ཏེ་འགག་ས་དང་ཐོགས་ས་བཤངས་ཡོད། ཟླ་བ་སྔོན་མ4ལ་གཏན་འཇགས་རྒྱུ་ནོར་ལ་མ་འཇོག་བྱེད་ཚད་ན་ལོའི་དུས་མཉམ་ལས་བརྒྱ་ཆ19.8འཕར་བ་དང་འཕར་ཚད་ཞིང་ཆེན་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད། གཙོ་གནད་ཁྱབ་ཁོངས་སུ་ནུས་ཁུངས་གཙང་མ་དང་འགྲིམ་འགྲུལ། གློག་དྲྭ་བཅས་ཁྱབ་ཁོངས་ཆེན་པོ་གསུམ་ལ་མཉམ་དུ་མ་དངུལ་འཇོག་ཤུགས་ཆེ་རུ་བཏང་བ་དང་། འགྲིམ་འགྲུལ་ལ་མ་དངུལ་འཇོག་གྲངས་སྒོར་དུང་ཕྱུར41.98བྱུང་ནས་བརྒྱ་ཆ41.8འཕར་ཡོད། ནུས་རྒྱུ་གཙང་མར་མ་འཇོག་བྱེད་ཚད་སྒོར་དུང་ཕྱུར63.14བྱུང་ནས་བརྒྱ་ཆ5.1འཕར་བ་དང་། གློག་དྲྭར་མ་འཇོག་བྱེད་ཚད་སྒོར་དུང་ཕྱུར8.18བྱུང་ནས་བརྒྱ་ཆ107.3འཕར་ཏེ། ལས་གཞི་གསོག་ཐད་བསྡོམས་འབོར་ལས་དོན་གྱི་འགན་འཁྲིའི་ལམ་ལུགས་དོན་ལ་ནན་དུ་འཁྱོལ་བ་དང་། ལས་གཞི་མཛོད་འཇུག་ལས་སྒོའི་མཛུབ་ཁྲིད་ལ་ཤུགས་བརྒྱབ་ནས་སྔོན་ཚུད་ནས་དཔྱད་གཞིའི་ཡིག་རིགས་གྲ་སྒྲིག་འདྲི་ཞིབ་བྱས་ཏེ་མཛོད་འཇུག་བྱེད་ཚད་མཐོ་རུ་བཏང་ཡོད། ཟླ་བ་སྔོན་མ4ལ་གསར་དུ་ལས་འགོ་བཙུགས་པའི་ལས་གཞི179མཛོད་དུ་བཅུག་པ་དེ་ན་ལོའི་དུས་མཉམ་ལས35མང་དུ་ཕྱིན་པ་དང་། འཆར་གཞི་སྤྱིའི་མ་འཇོག་སྒོར་དུང་ཕྱུར88.95གསར་དུ་འཕར་བ་དང་། མཛོད་འཇུག་བྱེད་ཚད་བརྒྱ་ཆ100ལ་ཟིན་ནས་རྗེས་མཐུད་མ་འཇོག་བརྟན་པོའི་ངང་འཕར་རྒྱུར་སྒུལ་ནུས་ཆེན་པོ་བསྣན་པ་རེད།།

( བདེ་སྐྱིད་དང་ཀུན་དགས་བསྒྱུར།)