国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






དྲུག་གཅིག་བྱིས་པའི་དུས་ཆེན་ལ།

བྱིས་པ་ནི་རྫས་ཀྱིས་མ་ལྷད་པའི་འདབ་མ་ལྔ་ལྡན་གྱི་

མེ་ཏོག་ཆུང་ཆུང་དེ་ཡིན་ལ།

དཀར་པོ་དཀར་གཙང་གི་ཤོག་ལེབ་དེ་

དང་འདྲ་བར་མིག་ལམ་ལ་འོད་དུ་འཚེར།

ཤོག་གུར་ཡིད་འོང་གི་རི་མོ་སྣ་ཚོགས་འབྲི་ཆོག་ལ་

དགེ་རྒན་གྱི་བཀའ་སློབ་ཟབ་མོ་དག་གཅིག་ཀྱང་

ཆད་ལྷག་མེད་པར་ལྷོད་ལྷོད་ངང་བྲི་ཆོག།

བྱིས་པ་ནི་དྭངས་ཤིང་གཙང་བའི་ཆུ་ཕྲན་ཆུང་ཆུང་

དེ་དང་འདྲ་བར།

དཀར་ཞིང་གཙང་བའི་བྱམས་བརྩེ་ཞིག་སུས་ཀྱང་

སྐུལ་མ་མ་བྱས་ལ་མ་བཅོས་རང་ཆགས་སུ་

ཡོད་པ་འདི་མཐོང་ན།

ང་རང་ཡིད་འོང་གི་བྱིས་པ་དེ་ཚོ་ལ་ཡིད་

སྨོན་མི་འཆོར་དོན་མེད།

བྱིས་པ།

ཀ་ཁའི་དབྱངས་རྟ་ཞིག་ངག་ནས་སྐྱོར་བ་ནས་

བཟུང་དཀོན་མཆོག་གི་ལྷ་ལ་བློ་ཕུགས་གཏད་དེ་

ཡིད་ཁར་བཞད་པའི་རེ་འདུན་གྱི་ཆེད་དུ་

ཐེངས་མང་ཕམ་མྱོང་ཟེར།

གོམ་ཁ་མ་སྒྱུར་ལ་སྤོབས་པ་མ་ཞུམ་པའི་ཁྱོད་ཚོས།

རེ་འདུན་དེ་ནམ་ཞིག་ལ་འགྲུབ་པའི་གདེང་ཚོད་ལྷག་མ་

ཞིག་སེམས་ཀྱི་གཏིང་རིམ་ནས་བོར་བརླག་ཤོར་མ་མྱོང་ཟེར།

བྱིས་པ།

ཨ་ཕའི་མིག་ཡ་དང་ཨ་མའི་སྙིང་ཕྱེད།

ཁྱེད་ཚོ་ནམ་ཡང་རྒྱལ་བར་སྨོན།

༼ ཨ་དཀར་ཆེན། ༽