国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






དྲུག་གཅིག་གི་དུས་ ཆེན་འདིར།

ཟླ་ལྔ་བའི་འགོ་ནས་བཟུང་།

བྱིས་པ་དག་གིས།

དྲུག་གཅིག་བྱིས་པའི་དུས་ཆེན་ཟེར།

བྱིས་པ་དག་གིས་ཟླ་བ་གཅིག་ལ།

དྲུག་གཅིག་བྱིས་པའི་དུས་ཆེན་ཟེར།

བགྲངས་ཟིན་པའི་སྐད་དེ།

ད་དུང་བགྲང་ངམ།

བྱིས་པ་དག་གིས།

དྲུག་གཅིག་འདི།

རང་གི་གྲོགས་པོ་ཞིག་དང་།

རང་གི་རྩེ་གྲོགས་ཤིག།

རང་གིས་བརྩིགས་པའི་རྩེ་ར་དེ་ཡིན་འདོད་འདུག།

དྲུག་གཅིག་གི་དུས་ཆེན་འདིར།

བྱིས་པ་དག་གིས།

འཇིག་རྟེན་གྱི་མི་སྣ་དག་གི།

སྣང་བརྙན་འཁྲབ་བྱུང་།

ལོ་རྒྱུས་ཀྱི་གར་འཁྲབ་བྱུང་།

སེམས་ཁམས་ཀྱི་གླུ་བླངས་བྱུང་།

དྲུག་གཅིག་གི་དུས་ཆེན་འདིར།

བྱིས་པ་གཅིག་གིས།

རིགས་དྲུག་གི་འཇིག་རྟེན་བསྟན་བྱུང་།

མི་སེམས་ཀྱི་མཛེས་ས་བསྟན་བྱུང་།

༼ ཆོས་འབྱོར་རྒྱ་མཚོ། ༽