བྱིས་པ་ཆུང་ཆུང་དེ།
རི་ཉིན་སྲིབ་གཉིས་ཀྱི་རྒྱན་ཆ་ཡིན།
ནམ་ལངས་ཀྱི་ཉི་རྩེ་ཡིན།
བྱིས་པ་ཆུང་ཆུང་དེ།
ཕ་མའི་གཅེས་ནོར་ཡིན།
གདོང་གི་མིག་ཟུང་ཡིན།
བྱིས་པ་ཆུང་ཆུང་དེ།
དབྱར་གྱི་མེ་ཏོག་ཡིན།
དཔྱིད་ཁའི་ཟིལ་པ་ཡིན།
སྟོན་གྱི་བ་མོ་ཡིན།
དགུན་གྱི་ཁ་བ་ཡིན།
བྱིས་པ་ཆུང་ཆུང་དེ།
ནམ་མཁའི་འཇའ་ཚོན་ཡིན།
བྱིས་པ་ཆུང་ཆུང་དེ།
གཞོན་དུས་ཕྱིར་དྲན་དང་།
རྒས་དུས་ཀྱི་སྨོན་པ་འཆོར་ས་དེ་ཡིན།
བྱིས་པ་ཆུང་ཆུང་དེ།
ཡུལ་དང་ལུང་བའི་བདག་པོ་ཡིན།
བྱིས་པ་ཆུང་ཆུང་དེ།
ཁྱེད་དང་ང་ཡི་མ་འོངས་པ་ཡིན།
བྱིས་པ་ཆུང་ཆུང་དེ།
གཤིས་ལ་སྙིང་རྗེ་དང་རྒྱུད་ལ་བྱམས་སེམས་ཡོད།
བྱིས་པ་ཆུང་ཆུང་དེ།
དབྱངས་གསལ་གཉིས་དང་འབྲལ་བ་མེད་པར་སྨོན།
༼ དགུ་བ། ༽
