དར་མདོའི་བཞི་པའི་ཚེས་བརྒྱད་དུས་ཆེན་གྱི་སྐབས་དང་བསྟུན་ཏེ་མདོ་གྲོང་ཁྲོམ་གཞུང་དུ་ཉིན་ཤས་རིང་ལ་དམངས་སྲོལ་རིག་གནས་འགྲེམས་སྟོན་དང་མྱོང་རོལ་བྱེད་སྒོ་སྤེལ་བ་སྟེ། བོད་ཀྱི་ཡིག་གཟུགས་དང་ཐང་ག་སྒྱུ་རྩལ། ཀོ་བའི་བསྲེགས་རིས། སྡེ་དགེ་པར་ཁང་གི་པར་འདེབས་ཐོན་རྫས། སྨན་ཤོད་རྫ་ཆས། ཧོར་པོའི་མགར་རྩལ། འཁེལ་འཐག་ཐོན་རྫས། འཚེམ་དྲུབ་ལག་བཟོ། བོད་སྤོས་དང་ལག་བྲིས་མཛེས་རིས་ཀྱི་ཇ་ཕོར་སོགས་ས་གནས་རང་གི་མང་ཚོགས་དང་ཕྱོགས་སོ་སོ་ནས་ཡོང་བའི་ཡུལ་སྐོར་བ་རྣམས་ལ་གཟུགས་མེད་རིག་གནས་ཀྱི་སྟོན་མོ་གྱ་ནོམ་པ་ཞིག་བཤམས་པ་རེད།། ( ནོར་བུས་པར་བླངས།)