སྤྱི་ཟླ6པའི་ཚེས4ཉིན། དཀར་མཛེས་ཁུལ་གྱི་བེད་མེད་དུ་ལུས་པའི་ནུས་པ་ཆུང་བའི་རྒྱུ་ནོར་ཐོན་ཁུངས་སྔར་བས་གང་འགབ་ཅི་སྤྱོད་ཀྱི་ལས་དོན་ཆེད་དོན་ཚོགས་འདུ་འཚོགས་པ་རེད། ཀྲའོ་པོ་ཚོགས་འདུར་ཞུགས་པར་མ་ཟད་གསུང་བཤད་གནང་། ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་ལེན་མཐར་ཕྱིན་བསྟར་བ་དང་། ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཐབས་ཇུས་དང་བཀོད་སྒྲིག་ཁྱོན་ཡོངས་ནས་དོན་ལ་འཁྱོལ་བདང་། སྲིད་འགན་ལག་རྗེས་འདུ་ཤེས་ཡང་དག་པའི་འཆང་བ་དང་ལག་ལེན་བསྟར་བ། སྔར་ལས་ལེགས་བསྡུས་ཞིབ་གཉེར་དང་། སྔར་ལས་ལས་ཆོད་ཆེ་བ། སྔར་ལས་རྒྱུན་མཐུད་ཐུབ་པ་བཅས་ཀྱི་བྱ་ཐབས་ལ་བརྟེན་ནས་རྒྱུ་ནོར་དང་ཐོན་ཁུངས་ཀྱི་ནང་སྐྱེས་རིན་ཐང་རྒྱུན་མཐུད་ངང་སྔོག་འདོན་དང་མངོན་པར་བྱས་ཏེ། དཀར་མཛེས་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བར་སྐུལ་ཆེད་སྒུལ་ནུས་ཆེན་པོ་བསྣན་དགོས་ཞེས་ནན་གསུང་གནང་བ་རེད།
ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་དབྱང་ཧུང་ཧྲོའུ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་།
ཚོགས་འདུར་ཁུལ་ཡོངས་ཀྱི་བེད་མེད་ནུས་ཆུང་རྒྱུ་ནོར་ཐོན་ཁུངས་གང་འགབ་ཅི་སྤྱོད་ཀྱི་སྤྱིའི་གནས་ཚུལ་དང་འབྲེལ་ཡོད་གཙོ་གནད་ལས་དོན་སྤེལ་ཚུལ་གྱི་སྙན་སེང་ལ་ཉན་འཇོག་བྱས་པ་དང་། ཕྱིན་ཆད་ལས་དོན་ཡག་པོ་བསྒྲུབ་རྒྱུའི་ཐད་བཀོད་སྒྲིག་བྱས་པ་རེད།
( པར་ངོས་བཞི་པར་གཟིགས།)
