国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཀྲའོ་པོ་དང་དབྱང་ཧུང་ཧྲོའུ་ཡིས་ཏ་ཐང་སི་ཁྲོན་གློག་འདོན་ཚད་ཡོད་སྤྱི་གཉེར་ཁང་གི་ཏང་ཨུའི་ཧྲུའུ་ཅི། རྐང་དཔོན་ལེང་ཧྭ་དང་ཐུག་འཕྲད་གནང་།

སྤྱི་ཟླ6པའི་ཚེས3ཉིན། ཁུལ་ཨུའི་ཧྲུའུ་ཅི་ཀྲའོ་པོ་དང་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་དབྱང་ཧུང་ཧྲོའུ་ཡིས་དར་མདོར་ཏ་ཐང་སི་ཁྲོན་གློག་འདོན་ཚད་ཡོད་སྤྱི་གཉེར་ཁང་གི་ཏང་ཨུའི་ཧྲུའུ་ཅི། རྐང་དཔོན་ལེང་ཧྭ་དང་བཅས་པར་ཐུག་འཕྲད་གནང་བ་རེད།

ཐུག་འཕྲད་གནང་རིང་། ཕྱོགས་གཉིས་པོས་དཀར་མཛེས་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནས་ཚུལ་དང་ཏ་ཐང་སི་ཁྲོན་གློག་འདོན་ཚད་ཡོད་སྤྱི་གཉེར་ཁང་གི་གཉེར་སྐྱོང་འཕེལ་རྒྱས་དང་དེ་བཞིན་དཀར་མཛེས་ཁུལ་དུ་ལས་སྒོ་སྤེལ་ཚུལ་ཁག་ངོ་སྤྲོད་བྱས་ཤིང་། ས་ཁུལ་དང་ཁེ་ལས་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་དང་། ཆུ་རླུང་འོད་སོགས་སྦག་མེད་ནུས་རྒྱུ་གསར་སྤེལ་དང་ཉི་ནུས་དང་འོད་ཤུགས་ཟུང་དུ་སྦྲེལ་བའི་ལས་གཞི་འཚོལ་ཞིབ་ཚོད་ལྟ་སོགས་ལ་དམིགས་ནས་གྲོས་མོལ་སྤེལ་རེས་བྱས་ཏེ། མཉམ་ལས་ལས་དོན་འབྲེལ་མཐུད་བྱས་པ་རེད།

ཁུལ་རིམ་པའི་མགོ་ཁྲིད་ལིའུ་ཅན་ཀྲའོ་དང་སུང་ཞའོ་ཅུན། ཏ་ཐང་སི་ཁྲོན་གློག་འདོན་ཚད་ཡོད་སྤྱི་གཉེར་ཁང་གི་སྤྱི་ཁྱབ་གཉེར་དཔོན་གཞོན་པ་ཙེང་ཧའོ་དང་ཕྱོགས་གཉིས་པོའི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་ཐུག་འཕྲད་དུ་ཞུགས་ཡོད་པ་རེད།། ( བདེ་སྐྱིད་ཀྱིས་བསྒྱུར།)