སྤྱི་ཟླ6པའི་ཚེས2ཉིན། སི་ཁྲོན་ཞིང་ཆེན་རང་བྱུང་ཐོན་ཁུངས་མ་འཇོག་ཚོགས་པ་དང་དཀར་མཛེས་ཁུལ་མི་དམངས་སྲིད་གཞུང་གི་འཐབ་ཇུས་མཉམ་ལས་གྲོས་མཐུན་གན་རྒྱ་བཞག་པའི་མཛད་སྒོ་དར་མདོར་སྤེལ་ཞིང་། ཁུལ་ཨུའི་ཧྲུའུ་ཅི་ཀྲའོ་པོ་དང་ཞིང་ཆེན་རང་བྱུང་ཐོན་ཁུངས་མ་འཇོག་ཚོགས་པའི་ཏང་ཨུའི་ཧྲུའུ་ཅི། རྐང་དཔོན་ལུའོ་ཀྲི་པོ་ཞུགས་པར་མ་ཟད་ཤིས་ཚིག་ཕུལ་བ་རེད། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་དབྱང་ཧུང་ཧྲོའུ་ཡིས་གཙོ་སྐྱོང་གནང་།
ཀྲའོ་པོ་ཡིས་ཤིས་ཚིག་ནང་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཚབ་མཛད་ནས་ལུའོ་ཀྲི་པོ་དང་བཅས་པར་དགའ་བསུ་དང་མཉམ་ལས་གྲོས་མཐུན་གྱི་གན་རྒྱ་བཞག་པར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས་པ་རེད། ( པར་ངོས་བཞི་པར་གཟིགས།)
