国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






དཀར་མཛེས་ཁུལ་དང་སི་ཁྲོན་ཡུལ་སྐོར་སློབ་གླིང་བར་སྤེལ་རེས་བཞུགས་མོལ་ཚོགས་འདུ་འཚོགས།

ཀྲའོ་པོ་དང་ཀྲང་ཞུའེ་ལུང་གཉིས་ཀྱིས་གསུང་བཤད་གནང་། དབྱང་ཧུང་ཧྲོའུ་ཚོགས་འདུར་ཞུགས།

སྤྱི་ཟླ6པའི་ཚེས3ཉིན་ལ་དཀར་མཛེས་ཁུལ་དང་སི་ཁྲོན་ཡུལ་སྐོར་སློབ་གླིང་བར་གྱི་སྤེལ་རེས་བཞུགས་མོལ་ཚོགས་འདུ་དར་མདོ་རུ་འཚོགས་ཤིང་། ཁུལ་ཨུའི་ཧྲུའུ་ཅི་ཀྲའོ་པོ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་ཞིང་གསུང་བཤད་གནང་། སི་ཁྲོན་ཡུལ་སྐོར་སློབ་གླིང་ཏང་ཨུའི་ཧྲུའུ་ཅི་ཀྲང་ཞུའེ་ལུང་ཚོགས་འདུར་ཞུགས་ཤིང་གསུང་བཤད་གནང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་དབྱང་ཧུང་ཧྲོའུ་ཚོགས་འདུར་ཞུགས་ཡོད།

ཀྲའོ་པོ་ཡིས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཚབ་མཛད་ནས་ཀྲང་ཞུའེ་ལུང་དང་བཅས་པ་ཕེབས་པར་དགའ་བསུ་ཞུས།( པར་ངོས་བཞི་པར་གཟིགས།)